R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༥ན
[A:༤༥ན]ཞིག་གིས་ཚེ་གང་ལ་དབང་གོང་མ་གསུམ་ཚར་གཅིག་ལས་བསྐུར་མི་རུང་བར་འགྱུར་ཏེ། དཀྱིལ་འཁོར་གཅིག་ཏུ་སྨིན་བྱེད་ཀྱི་དབང་ཚར་རེ་ལས་མི་རུང་བར་ཁྱོད་ཀྱི་བཤད་པ་གང་ཞིག རྡོ་རྗེ་སློབ་དཔོན་དེའི་ལུས་ལ་གསང་བ་ཆོས་ཀྱི་དཀྱིལ་འཁོར་གསུམ་པོ་རེ་རེ་ལས་མེད་པའི་ཕྱིར། གཞན་དུ་ན་དབང་བསྐུར་ཚར་རེ་ལ་རྡོ་རྗེ་སློབ་དཔོན་དེའི་ལུས་གསར་དུ་ལན་ཐང་རེ་བྱ་དགོས་པར་འགྱུར་རོ། །དེར་མ་ཟད་ཨ་བྷི་དྷ་ན་ལ་སོགས་པའི་རྗེས་སུ་འབྲངས་ནས་རྒྱ་བོད་ཀྱི་མཁས་པ་དུ་མ་མགྲིན་གཅིག་ཏུ་རས་བྲིས་ཀྱི་དཀྱིལ་འཁོར་དུའང་སྨིན་བྱེད་ཀྱི་དབང་བསྐུར་རུང་བར་བཞེད་པས། དེའི་ཚེ་གང་གི་སྟེང་ནས་དབང་བསྐུར་ཚར་གཅིག་བྱས་ཟིན་པའི་རས་བྲིས་དེ་དེ་མ་ཐག་ཏུ་རྡུལ་ཚོན་བཞིན་དུ་ཆུ་བོར་སྤྱན་འདྲེན་པའམ། རྒྱས་བཏབ་སྟེ་དབེན་པར་འཇོག་པ་སོགས་སླར་མི་མངོན་པའི་ཐབས་བྱ་རིགས་པར་འགྱུར་ཏེ། གང་ཟག་རང་ངམ་གཞན་གྱི་དཀྱིལ་འཁོར་དེའི་སྟེང་ནས་སླར་ཡང་དབང་བསྐུར་བྱས་སུ་དོགས་པས་སོ། །གལ་ཏེ་སྟ་གོན་བསྐྱར་ཏེ་དབང་བསྐུར་བ་བྱ་རུང་ངོ་སྙམ་ན། རིགས་པ་དེ་རྡུལ་ཚོན་ལའང་མཚུངས་མོད། དབང་བསྐུར་ཚར་རེ་ལ་སྟ་གོན་ཚར་རེ་ངེས་པར་བྱ་དགོས་པ་ཚད་ལྡན་སུ་ཞིག་གིས་བཤད་སྨྲོས་ཤིག ལེགས་པར་བརྟགས་ན་ཁྱེད་ཀྱི་ལུགས་ལ་རས་བྲིས་ཀྱི་དཀྱིལ་འཁོར་ལ་དབང་བསྐུར་བ་ལྟ་ཞོག སྒྲུབ་མཆོད་ཀྱང་བྱ་མི་རུང་བར་འགྱུར་ཏེ། ས་འདིར་དཀྱིལ་འཁོར་བྲི་བར་བྱ། །ཞེས་པའི་སྐབས་དོན་གྱི་ས་དེ་དང་། སྔོན་དུ་བྲིས་ཟིན་པའི་དཀྱིལ་འཁོར་དེ་གཉིས་ལ་ཁྱོད་འདོད་པའི་འབྲེལ་པ་དེ་མི་འདུག་པའི་ཕྱིར། དཀྱིལ་འཁོར་འབྲེལ་པ་མེད་