R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༤ན
[A:༦༤ན]དང་། དགོས་པའི་དབང་གིས་དེ་ལྟར་མཛད་པས་དགག་བྱ་མང་པོ་ཁེགས་པར་བསྟན་པ་དང་། སློབ་མ་སློབ་དཔོན་གྱིས་སྐལ་བ་ཅན་ལ་ཕྱག་ལེན་དེ་ངེས་པར་བྱེད་དགོས་པར་བཤད་པ་དང་གསུམ་དུ་མཛད་ནས། དང་པོ་ལ་སློབ་མ་སྨིན་བྱེད་ཀྱི་རིག་པའི་དབང་ལྔ་བསྐུར་མ་ཐག་སློབ་དཔོན་གྱིས་དབང་བྱེད་པ་འདི་དབང་ཆུ་ཆེན་མོ་དང་འགལ་བ་མ་ཡིན་མོད། ཁྱེད་ཀྱིས་འགལ་བར་གོ་ནས་དེའི་དགོངས་པ་བཞིན་བྱེད་ན། རྗེས་འཛིན་གྱི་ཚེ་ལུས་ལོངས་སྤྱོད་གང་ཡོད་མི་འབུལ་ན་རྗེས་འཛིན་མི་བྱེད། ཚེ་འདི་དོན་དུ་གཉེར་ན་སློབ་མ་སྟ་གོན་མི་བྱེད། སེམས་མ་བསྐྱེད་པ་དང་ཡེ་ཤེས་མ་ཕེབས་པ་དཀྱིལ་འཁོར་དུ་མི་འཇུག་པ་སོགས་ཁུངས་ཐུབ་ཀྱི་བཤད་ཚོད་ཐམས་ཅད་ཁྱེད་ཀྱིས་ཕྱག་ལེན་དུ་ཁེལ་བ་ཡོད་དམ། ཡོད་ན་མངོན་སུམ་དང་འགལ། མེད་ན་མ་བཤད་པ་ཐམས་ཅད་ནན་གྱིས་བྱེད་དམ་ཞེས་གསུངས། གཉིས་པ་ལ། སློབ་དཔོན་གྱི་དབང་བསྐུར་ཚུལ་འདི་ཅིས་ཀྱང་བྱེད་དགོས་པ་གྲུབ་མཐའ་ལ་མ་བྱས་པས། དམ་བཅའ་མེད་པ་ལ་ལུང་འགལ་བརྗོད་པ་མཁས་པའི་ལུགས་མིན། སྤྱིར་བཏང་ལ་སློབ་དཔོན་གྱི་དབང་དོན་དུ་མི་གཉེར་བ་དག་བཀྱེ་དགོས་པར་བཤད་ཀྱང་། ངེད་ཀྱི་བླ་མའི་དབང་གྲལ་དུ་དེ་འདྲ་མ་བྱུང་། དོན་དུ་གཉེར་བཞིན་ཕུད་ན་དགག་བྱ་ཅིར་འགྱུར། དགོས་པ་ནི་མ་མཐའ་མཚན་བརྗོད་ཀྱི་ལུང་ཙམ་ཞིག་ལེན་པ་ལའང་སློབ་དཔོན་གྱི་དབང་མི་དགོས་སམ། སློབ་མ་ཉེར་ལྔ་པོ་ཐམས་ཅད་དབང་དེ་དོན་དུ་གཉེར་མཉམ་ལ་འགའ་ཞིག་སྨད་དེ་ཕུད་ན། སློབ་མས་སློབ་དཔོན་ལ་ཁོང་ཁྲོ་སོགས་ཀྱིས་དགག་བྱ་ཅིར་འགྱུར། སློབ་དཔོན་འཕྲིན་ལས་ཆུང་ངུ་དག་