R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༠བ
[A:༧༠བ]སུ་མཛད་ནས་གསུངས་པའི་དོན་གྱི་སྙིང་པོ་ཅི་ལོངས་བགྱིས་ནས་བཀོད་ན། དེའང་དོན་ཚན་དང་པོ་ལ་དབང་བདུན་ཆར་གྱི་དབང་རྫས་ལ་ཡོངས་དག་བཞི་ངེས་པར་དགོས་པར་རྗེ་བཙུན་བཞེད་ན། མི་བསྐྱོད་པ་ལ་ཡོངས་དག་མཛད་ནས། རིན་འབྱུང་ཅོད་པན་མན་ཆད་ལ་མི་བསྐྱོད་པའི་ང་རྒྱལ་གྱིས་དབང་བསྐུར་ཆོག་པ། གུར་གྱི། རྡོ་རྗེ་སེམས་དཔས་དབང་བསྐུར་བྱ། །ཞེས་པའི་དོན་དུ། རྗེ་བཙུན་ཉིད་ཀྱིས་བཤད་པ་དང་ནང་འགལ་ཞིང་། རྩེ་མོའི་དབང་ཆུ་གཉིས་ཆར་ལས། རིག་པའི་དབང་འདི་རྣམས་ལ་སློབ་དཔོན་བདག་ཉིད་མི་བསྐྱོད་པའི་རྣལ་འབྱོར་ཁོ་ནས་ཀྱང་རུང་ངོ་ཞེས་པ་འདི་རྗེ་བཙུན་གྱི་གསུང་དེས་བཀག་པར་ཁས་ལེན་དགོས་པས། རྗེ་བཙུན་ཉིད་ནང་འགལ་གསུང་བ་དང་། རྩེ་མོ་འགེགས་པ་པོར་སྒྲུབ་པས་རྗེ་བཙུན་ལ་སྐུར་བ་བཏབ་པར་སོང་གསུངས་ལ། དོན་ཚན་གཉིས་པ་ལའང་ཡོངས་དག་བཞི་ངོས་བཟུང་སྟེ་རང་ལུགས་ཉེས་མེད་དུ་བསྒྲུབ་པ་དང་། རྒོལ་བའི་རྡོར་དྲིལ་གྱི་དེ་ཉིད་ནོར་བར་བསྟན་པ་གཉིས་སུ་མཛད་ནས། དང་པོ་ལ། སྤྱིར་འཁོར་གསུམ་ཡོངས་དག་བཞིས་བྱིན་གྱིས་བརླབས་ཞེས་གསུངས་པའི་འཁོར་གསུམ་ནི་སློབ་དཔོན་སློབ་མ་དབང་རྫས་གསུམ་ཡིན་ལ། ཡོངས་དག་བཞི་ནི་བསྙེན་པ། ཉེར་སྒྲུབ། སྒྲུབ་པ། སྒྲུབ་ཆེན་དང་བཞི་ཡིན་ཅིང་། དེ་ལ་རྒྱས་བསྡུས་བཞི་ལས། རྒྱས་པ་དཀྱིལ་འཁོར་ཡོངས་རྫོགས་ཁོ་ན་ལ་སྦྱོར་བར་གསུངས་པ་དང་། འབྲིང་པོ་ནི་ཇི་སྐད་བཤད་པ་བཞིན་ཡིན་ལ། བསྡུས་པའི་དང་པོ་ནི། སྐྱེ་མཆེད་བྱིན་གྱིས་མི་རློབས་པར་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་དང་། དབང་མི་བསྐུར་བར་དབུ་རྒྱན་རང་ཆས་ཅན་དུ་སྒྲུབ་པའི་