R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༨ན
[A:༧༨ན]ལས། ས་བོན་ཕྱིར་ན་ཨཾ་ཡིག་ལས། །ལོགས་སུ་རིན་འབྱུང་བསྒོམ་པའི་ཕྱིར། །འབྱུང་ཁུངས་ཇི་སྐད་བཤད་བཞིན་འདོད། །ཕྱོགས་སྔ་མ་ལོངས་རང་འདོད་བྲིས། །གཞན་དུ་ལུང་རིགས་གནོད་པ་ཡོད། །སྲས་དོན་མ་ལས་རྩ་མེད་ན། །སྤྲུལ་སྐུ་འབྱུང་བའི་རྒྱུ་མེད་ཅིང་། །ལམ་གྱིས་གནས་འགྱུར་སྤྲུལ་སྐུར་འཆར། །དེ་བས་རང་བཞིན་ལྷུན་གྲུབ་དང་། །འགྱུར་རུང་གཉིས་དགོངས་རྒྱུ་ནི་རྩ། །སྤྲུལ་སྐུ་རང་བཞིན་ལྷུན་གྲུབ་བཞག །དེ་ལྟར་ཡང་ཡང་རྒྱུ་ཞེས་གསུངས། །རིག་པ་ཨཾ་གི་ཡི་གེ་དེ། །རིན་འབྱུང་ཡིན་ན་སེར་སྣ་ཡི། །དྲི་བྲལ་མཉམ་ཉིད་ཡེ་ཤེས་འགྱུར། །དེས་ན་ཧཱུྃ་སོགས་བཞི་པོ་ཡང་། །ཡེ་ཤེས་བཞི་རུ་ཅིས་མི་འགྱུར། །སེམས་ཅན་དྲི་བྲལ་ཡེ་ཤེས་ལྔ། །ལྡན་ཕྱིར་ཧ་ཅང་ཐལ་བར་འགྱུར། །རང་ལུས་རྒྱལ་བའི་དཀྱིལ་འཁོར་ཞེས། །གྲགས་ཀྱང་གནད་འདི་ཤེས་པ་དཀོན། །འོན་ཏེ་རང་བཞིན་རྣམ་དག་ལ། །བསམས་ན་ཞལ་ཕྱག་རྣམ་པ་འགལ། །བསྒོམ་པའི་བློ་ངོ་ཡིན་ན་ནི། །གྲུབ་ཚིག་སྨོས་པ་འགལ་བ་ཡིན། །བསྒྲུབ་གཞི་རང་བཞིན་ལྷུན་གྲུབ་ཕྱིར། །ཕྱི་དཀྱིལ་དང་ནི་མི་འདྲ་ཞེས། །མཁས་མང་མཐུན་པ་ཁོ་བོས་མཐོང་། །ཁྱེད་ཀྱི་གོ་ལུགས་འདི་ལྟར་ན། །ལུས་དཀྱིལ་རྩོད་པའང་སྤང་བར་དཀའ། །ཞེས་དང་། ས་བོན་དང་ནི་བསྐྱེད་པ་ལ། །སྐྱོག་བཤད་འཁྲུལ་པའི་རྗེས་གནོན་ཡིན། །བྷྲཱུཾ་སོགས་ལུས་དཀྱིལ་བསྐྱེད་པ་ཡི། །ས་བོན་འདི་ལྔས་བྱ་བ་འམ། །ཙཎྜ་ལཱི་དང་རྗེས་མཐུན་པར། །གང་རུང་བྱ་ཞེས་འདམ་ཁར་གསུངས། །གཞུང་བཤད་རྣམས་སུ་ཕྱི་མ་བྲིས། །དེ་ལྟར་མ་མཐོང་ཚོད་རྒྱག་མང་། །སྒྲ་གྲུབ་