R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༣ན
[A:༩༣ན]འཕགས་པ་ཁོ་ན་ལ་ཡོད་པས། འཇིག་རྟེན་པའི་ལམ་དུ་དབང་དང་ཚོགས་འཁོར་མཚན་ཉིད་པ་མེད་པར་ཁྱོད་ཁས་ལོངས་ཤིག ཡང་ཁྱོད་ཉམས་སུ་ལེན་པའི་ལམ་དེ་ལམ་མཚན་ཉིད་པ་དང་རྗེས་མཐུན་པ་གང་ཡིན་སོགས་གོང་ལྟར་སྦྱར་ནའང་མཚུངས་སོ། །གལ་ཏེ་ཕྱག་རྒྱ་ལ་བརྟེན་པ་མཚུངས་ནའང་ཤ་ཆང་སོགས་རབ་བྱུང་གི་སྤང་བྱ་ཡིན་པས་མི་རུང་སྙམ་ན། འོ་ན་མདའ་གཞུ་དང་རལ་གྲི་སོགས་རབ་བྱུང་གིས་སྤང་བྱ་ཡིན་པས་དབང་རྫས་སུ་མི་རུང་བར་རྣམ་པ་ཀུན་དུ་མཚུངས་སོ་ཞེས་སོགས་དང་། ཡང་རྗེ་རྡོ་རྗེ་འཆང་གིས་ཆེན་པོ་ཆོས་རིན་གྱི་དྲི་ལན་ཚངས་པའི་རིགས་སྔགས་སུ་བཀོད་པ་ལས། གཉིས་པ་ལྟར་ན་རང་རྒྱུད་ལ་ཡེ་ཤེས་རྒྱས་པའི་ཐབས་སུ་ཚོགས་འཁོར་ལྐོག་ཏུ་བྱ་བ་དང་། གདུལ་བྱ་གཞན་མ་དད་པ་བཟློག་པའི་ཕྱིར་དངོས་སུ་བྱེད་པ་གཉིས་ལས་མ་འདས་ཞེས་གསུངས་པ་ལ། དེ་ནི་མ་བརྟགས་པ་དེ། འཆི་བའི་ཚེའམ་མུ་གེའམ་ཞེས་སོགས་མ་མཐོང་བར་ཟད་དོ་ཞེས་དང་། ཡང་ཚངས་པའི་རིགས་སྔགས་སུ་ཀླུ་སྒྲུབ་སོགས་རྩ་ལྟུང་ཅན་དུ་ཐལ་བའི་ལན་དུ། འཁྲུལ་སྤོང་གི་ལྟུང་བའི་ངོ་བོ་ཉིད་རྣམ་པར་གཞག་པ་ནི་ཞེས་སོགས་དྲངས་ནས། དེ་ལྟར་གསུངས་ན་ཁྱོད་ཀྱིས་ཀླུ་སྒྲུབ་སོགས་རྩ་ལྟུང་ཅན་དུ་སྒྲུབས་ཤིག ཡང་ན་ལུང་དེ་ཆོས་རྗེ་པས་མ་གཟིགས་པའམ་ཞལ་གྱིས་མི་བཞེས་པའམ། རྣལ་འབྱོར་དབང་ཕྱུག་གི་མན་ངག་མིན་པར་ཁས་ལོངས་ཤིག་གསུངས། ཡང་ཚངས་པའི་རིགས་སྔགས་སུ་ཚོགས་འཁོར་རྣལ་འབྱོར་པས་བྱ་དགོས་པའི་ལུང་ཞེས་སོགས་ཀྱི་ལན་དུ། ལུང་ཁུངས་དེ་ཁྱེད་རང་གིས་དྲངས་པ་བཞིན་བཤད་ན། ལུང་དང་པོའི་