R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༢བ
[A:༩༢བ]གསུངས། །དེས་ན་ཞིབ་ཏུ་མ་བལྟས་པར། །རྦད་གཅོད་སྔས་ན་རང་ཉིད་འབེབས། །རིགས་པ་ཚོགས་འཁོར་མཆོག་དབང་མཚུངས། །དེ་ཕྱིར་རྒྱུ་ལམ་མཚན་ཉིད་པ། །རབ་བྱུང་ཉམས་ལེན་མི་འདོད་དམ། །གལ་ཏེ་ཤ་ཆང་དངོས་སུ་ཡིན། །མཆོག་དབང་ཏིང་འཛིན་དཀྱིལ་འཁོར་ཕྱིར། །མཚུངས་མིན་སྙམ་ན་དགེ་སློང་ལ། །ས་བརྐོ་མེ་རེག་ལ་སོགས་དང་། །དབང་དུས་གཞུ་སོགས་འགོག་གམ་ཅི། །དགོངས་པ་གཙོ་ཕྱིར་དེ་མཐོང་ཚེ། །ཉེས་མེད་ཅེས་ནི་རྗེ་བཙུན་བཞེད། །ཅེས་སོགས་དང་། དུས་འཁོར་བདེ་མཆོག་གསལ་ལོ་ཞེས། །སྙན་བརྒྱུད་འགོག་པའི་ཟུར་ཟ་ཡིན། །ཞེས་སོགས་རྒྱས་པར་གསུངས་ལ། སྒྱི་ཆུ་བ་བུདྡྷ་ཤྲཱིའི་ནོར་བུའི་ཕྲེང་བར། ཁྱེད་ཀྱི་དབང་དེ་དབང་མཚན་ཉིད་པ་ཡིན་ནམ་རྗེས་མཐུན་པ་ཡིན། དང་པོ་ལྟར་ན་རབ་བྱུང་གིས་དབང་མཚན་ཉིད་པ་བྱར་མི་རུང་སྟེ། དབང་མཚན་ཉིད་པ་དང་རྗེ་མཐུན་པར་འཇོག་པ་ནི་ལས་རྒྱའམ་ཚིམ་པ་དྲུག་པ་དངོས་སུ་བྱར་ཡོད་མེད་ཀྱིས་ཕྱེ་བ་ཡིན་ཞེས་སོགས་ཚངས་པའི་རིགས་སྔགས་སུ་གསུངས་པ་དེ་དབང་ལ་སྦྱར་ནས་གསུངས་ཏེ་ད་ཅི་གསུངས། །ཚིམ་པ་དྲུག་པའི་ཐད་ཀྱིས་བཤད་པ་དང་། དབང་གོང་མའི་ཐད་ཀྱིས་བཤད་པ་རྣམས་ཅིའི་ཕྱིར་མི་མཚུངས། ཡང་ན་དབང་མཚན་ཉིད་པ་མེད་པར་ཁས་ལོངས་ཤིག དབང་ལ་དེ་གཉིས་ཀྱི་ཐ་སྙད་གོང་མས་མ་བཤད་སྙམ་ན། ཚོགས་འཁོར་ལ་དེ་འདྲའི་ཐ་སྙད་གང་དུ་བཤད་སྨྲོས་ཤིག ད་ལྟ་དེ་འདྲའི་དབང་མཛད་པ་མེད་ཀྱང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་པས་གོ་ཆོད་དོ་ཞེ་ན། ཚོགས་འཁོར་ལ་ཅི་ཕྱིར་མི་མཚུངས། གཞན་ཡང་རྫོགས་རིམ་གྱི་ཡེ་ཤེས་དངོས་སུ་རྟོགས་པ་