R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠བ
[A:༡༠བ]སྔོན་འགྲོའི་སེམས་བསྐྱེད་འདི་དབུ་མ་ལུགས་ཀྱི་སེམས་བསྐྱེད་མ་ཡིན་པས། དབུ་མ་ལུགས་ཀྱི་སེམས་བསྐྱེད་ནི་ལམ་འབྲས་པ་ལ་མེད་ཅེས་པའི་དཔྱད་པ་ལ་འབྲེལ་ནུས་མ་བྱུང་། ཡང་དབང་གི་སྔོན་དུ་སེམས་བསྐྱེད་ཞིག་མི་འདོད་ན་ནི་ཤིན་ཏུ་སྐལ་བ་དམན་ཞིང་། གོང་མའི་གསུང་སོགས་དང་འགལ་ལོ་ཞེས་གསུངས་པར་རྟོགས་སོ། །ཡང་དེ་དག་གི་ཡང་ལན་མཁན་ཆེན་བཟང་བཀྲས་པའི་བཞེད་དོན་སྙིང་པོ་ནི། སེམས་བསྐྱེད་ཀྱི་ཡི་གེ་དེ་མཁན་ཆེན་ཤེས་རབ་རྡོ་རྗེ་བས་བླ་མ་བཅུ་ཕྲག་ལྷག་པ་བསྟེན་ནས་གསན་པའི་རྗེ་བཙུན་གྱི་བཀའ་འབུམ་གྱི་ནང་ན་མེད་པས་གསར་དུ་གཞན་ཞིག་གིས་བྱས་ཀྱིས་རྗེ་བཙུན་གྱི་གསུང་མིན། དེས་ན་ཡི་གེ་དེ་སྟེང་ནས་སེམས་བསྐྱེད་བྱེད་པ་འདི་ལ་སྡོམ་རྒྱུན་ཡོད་པའང་སྒྲུབ་དགོས། ལྗོན་ཤིང་ལས་དབང་གི་སྔོན་དུ་སེམས་བསྐྱེད་ཀྱི་ཆོ་ག་བཤད་ནའང་དེའི་ཕྱག་ལེན་ནུབ། གཞན་དབང་གི་སྔོན་འགྲོའི་སེམས་བསྐྱེད་གུད་དུ་བླངས་ཀྱང་རུང་། མ་བླངས་ཀྱང་སྟ་གོན་གྱི་སྐབས་སུ་འབྱུང་བ་དེས་ཆོག་པར་འཁྲུལ་སྤོང་ལས་བཤད་པས་སྐལ་བ་དམན་པའང་མ་ཡིན་ཞིང་། ཁྲིད་ཀྱི་ཚེ་མ་གཏོགས་གཞན་དུ་དབང་གི་སྔོན་དུ་དེ་འདྲའི་སེམས་བསྐྱེད་ཁྱེད་རང་ཡང་མི་བྱེད་པ་དྲན་པར་གྱིས་ཞེས་པར་མངོན་ཞིང་། ཡང་སྒྱི་ཆུ་བ་བུདྡྷ་ཤྲཱིའི་གསུང་དེ་དག་གི་སྙིང་པོ་ནི། བརྒྱུད་པ་གཉིས་ལྡན་གྱི་སེམས་བསྐྱེད་ཀྱི་ཆོག་བསྒྲིགས་འདི་ཆོས་རྗེ་ཁུ་དབོན་གྱི་རྗེས་ཙམ་ན་བྱུང་བ་ཡིན་ན་གསུང་སྒྲོས་ཙམ་འབྱུང་རིགས་པ་ལས་དེ་མེད། རྗེས་ཕྱི་མོ་ནས་བྱུང་ན་རྩ་བ་མེད་པའི་ཡན་ལག་མི་རིགས། ནཱ་རོ་པའི་ལུགས་བིརྺ་པའི་སྙན་བརྒྱུད་དུ་མི་རུང་བས་སྙན་བརྒྱུད་ཡིན་ཞེས་པའང་གྱི་ན་