R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩ན
[A:༡༩ན]སྐབས་སུ་འབྱུང་ཞེས་པ། །ཁས་བླངས་འགལ་བ་མ་ཡིན་ནམ། །མཁས་པ་གོ་ཤཱཀ་རྣམ་གཉིས་ཀྱིས། །དབང་ཆུ་བདེ་ཆེན་རྒྱལ་མཚོ་དང་། །གསེར་ཐུར་དག་ལས་དབང་ཆུ་བཞིན། །རྗེས་འཛིན་གྲངས་ངེས་གསལ་བར་གསུངས། །དེས་ན་དེ་འདྲའི་བཤད་པ་ནི། །རང་གཞན་གཉིས་ཀའི་ཕྱོགས་དང་འགལ། །ཕྱིན་ཆད་གཟུར་གནས་གྲངས་ངེས་ཀྱིས། །ཞེས་གསུངས། ཡང་སྒྱི་ཆུ་བ་བུདྡྷ་ཤྲཱི་བའི་ནོར་བུའི་ཕྲེང་བ་ལས་ཚངས་པའི་རིགས་སྔགས་ཀྱི་བཞེད་པ་རགས་པ་ཙམ་ཞིག་བཀོད་པའི་རྗེས་སུ། ཡང་ལན་དངོས་ལ་ལེགས་པར་རྣ་བ་བླགས་ཏེ་གསན་པར་ཞུ། སྤྱི་རྒྱུད་ལས་བཤད་པའི་རྗེས་འཛིན་གྱི་རྣམ་གཞག་དེ་ཁྱེད་ལ་མེད་པར་ཐལ། ཇི་སྐད་དུ་བཤད་པའི་ལག་ལེན་དེ་དག་ཁྱོད་ལ་མེད་པའི་ཕྱིར། རྟགས་གསལ་དངོས། ལམ་འབྲས་ནས་བཤད་པའི་རྗེས་འཛིན་གྱི་རྣམ་གཞག་དེ་ཁྱོད་ལ་མེད་པར་ཐལ། ཇི་སྐད་དུ་བཤད་པའི་གྲངས་ཀྱི་རྣམ་གཞག་དེ་དག་ཁྱོད་ལ་མེད་པའི་ཕྱིར། རྗེས་འཛིན་ལ་གྲངས་ངེས་ཀྱི་རྣམ་གཞག་འཐད་པར་ཐལ། འཕགས་པའི་རྩ་རྒྱུད་ཀྱི་ཊཱིཀྐ་དང་། སྤྱི་རྒྱུད་ཀྱི་དགོངས་པས་གྲངས་ངེས་ཡོད་པ་དེ་ཁྱོད་འདོད་པའི་ཕྱིར། ཡང་རྗེས་འཛིན་ལ་གྲངས་ངེས་ཀྱི་རྣམ་གཞག་མི་འཐད་པར་ཐལ། རྣམ་སྣང་མངོན་བྱང་གི་དགོངས་པས་གྲངས་ངེས་མེད་པ་དེ་ཁྱོད་འདོད་པའི་ཕྱིར། སྤྱིར་རྒྱུད་སྡེ་ལས་བཤད་པའི་རྗེས་འཛིན་ལ་གྲངས་ངེས་ཀྱི་རྣམ་གཞག་མི་འཐད་པར་ཐལ། རྒྱུད་སྡེ་ལས་བཤད་པའི་གྲངས་ངེས་ཡིན་ན་དབང་བསྐུར་གྱི་གྲངས་ངེས་ཡིན་དགོས་པ་གང་ཞིག དབང་བསྐུར་གྱི་གྲངས་ངེས་ཡིན་ན་རྗེས་འཛིན་གྱི་གྲངས་ངེས་མིན་དགོས་པའི་