R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༨བ
[A:༡༨བ]རྒྱུད་ཀྱི་དབང་སྐུར་ལ། །སློབ་མ་གྲངས་ངེས་མེད་པར་གསུངས། །ལྷག་མ་དམིགས་བསལ་མཛད་པ་ཡི། །སློབ་མ་ལ་ནི་གྲངས་ངེས་ཡོད། །དེ་སྐད་གསུངས་བའི་ལུང་དོན་དང་། །ལྗོན་ཤིང་ལས་ཀྱང་སྤྱི་རྒྱུད་ལས། །ཞལ་འཕངས་མཛད་ཕྱིར་ཁུ་དབོན་གསུམ། །དགོངས་པ་མཐུན་པས་སྐྱོགས་བཤད་དོར། །བླ་མེད་རྗེས་འཛིན་སྟོན་པའི་སྐབས། །སྤྱོད་རྒྱུད་ལུང་འདྲེན་སྒྲུབ་བྱེད་ཀྱིས། ཕོངས་པའི་ཅལ་ཅོལ་ཡིན་པར་ངེས། །རྩ་རྒྱུད་ཊཱིཀ་སྔ་རྟིང་གི །དཀར་ཆགས་མེད་ཕྱིར་འཕགས་པའི་མིན། །གཟུགས་བརྙན་སོགས་དོན་ལོགས་སུ་ནི། །རྗེས་འཛིན་བྱས་ནའང་འགལ་བ་ཅི། །གཞན་ཕན་བདུད་རྩིར་གཤིན་པོ་ལ། །རྗེས་འཛིན་བཤད་པ་མེད་སྙམ་ན། །ཞིབ་པར་དབང་ཆུར་ཞལ་འཕངས་ཕྱིར། །མི་འགལ་ཡང་ན་དམིགས་གསལ་འདོད། །དངོས་གཞི་གྲངས་ངེས་དགོས་ན་ཡང་། །སྟ་གོན་བརྒྱ་ཕྲག་ཐུན་མོང་དུ། །བྱས་ཀྱང་འགལ་མེད་ཐལ་བ་སོགས། །སློབ་དཔོན་དབང་གི་རིམ་པ་ལྟར། །དངོས་གཞི་གྲངས་ངེས་དགོས་ན་ཡང་། །རྗེས་འཛིན་ཐུན་མོང་ཆོག་པ་སོགས། །རང་ལའང་མཚུངས་པས་གྲུབ་མཐའ་འཇིག །མཐའ་གཅིག་སྟ་གོན་དངོས་གཞིའི་གྲངས། །ངེས་ན་དེ་གཉིས་གཙོ་བོའི་ཕྱིར། །རྗེས་འཛིན་གྲངས་ངེས་མེད་པ་སོགས། །གོང་གི་རིགས་པ་མཚུངས་པ་ཡིན། །སྲོད་ཀྱི་དུས་སུ་སྟ་གོན་སོགས། །བྱེད་ན་ཆོ་ག་ཉམས་མི་འགྱུར། །མི་བྱེད་དབང་བསྐུར་བྱིན་རླབས་མེད། །འཕྲིན་ལས་ཆེ་འདོད་དཀའ་བར་གནས། །སྤྱི་རྒྱུད་རྗེས་འཛིན་འཆད་པའི་སྐབས། །གྲངས་ངེས་དམིགས་བསལ་མི་འདོད་དང་། །རྩ་རྒྱུད་ཊཱིཀྐར་གྲངས་ངེས་ཡོད། །རྗེས་འཛིན་