R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༨ན
[A:༣༨ན]འགྲོ་ཆོས་བཅུ་གཉིས། །དེ་དག་རྣམས་ལ་ཐུན་གསུམ་སྟེ། །གསོལ་བ་གདབ་དང་བསག་སྦྱོང་ལ། །ཐུན་གཅིག་སྦྱང་བ་གསུམ་པོ་ལ། །ཐུན་གཅིག་ཁྲིད་ཀྱི་སྔོན་འགྲོ་འོ། །གནད་དབབ་གསུམ་དང་སྒོམ་པ་གསུམ། །ཐུན་གཅིག་ཐུན་གྱི་སྔོན་འགྲོ་འོ། །ཞེས་པ་གསུངས་ན་མི་འདོད་ཅི། །དེ་ལྟར་ཚོགས་བསྒོམ་རིན་པོ་ཆེའི། །དངོས་སློབ་ཉན་གཉགས་གཉིས་ཀྱིས་ཀྱང་། །གཞུང་ཤིང་དང་པོའི་ཁྲིད་ཡིག་ཏུ། །གསལ་བ་ཉིད་དུ་གསུངས་པ་དང་། །ཆོས་རྗེ་བླ་མ་དམ་པ་ཡི། །ཁྲིད་ཡིག་སྦས་དོན་གསལ་བ་རུ། །སྔོན་འགྲོ་དེ་དག་འགྲོ་དགོས་པར། །ངེས་པ་ཉིད་དུ་གསུངས་པ་དང་། །དེ་ཉིད་ཚད་མར་གྲུབ་པ་ཡང་། །ངོར་ཆེན་རྡོ་རྗེ་འཆང་ཆེན་གྱི། །གསན་ཡིག་རྒྱ་མཚོ་ཞེས་པར་ནི། །ཆོས་རྗེ་བསོད་ནམས་རྒྱལ་མཚན་གྱིས། །མཛད་པའི་ངོ་མཚར་སྣང་བ་དང་། །གཞུང་བཤད་མན་ངག་བཤད་མཛོད་དང་། །ཁྲིད་ཡིག་སྦས་དོན་གསལ་བ་སོགས། །པོད་ནག་མ་རུ་གྲགས་པ་ཡང་། །ལེགས་པར་ཐོབ་ཅེས་གསུངས་ཕྱིར་རོ། །དེས་ན་སྣང་བ་གསུམ་གྱི་སྔོན། །སྔོན་འགྲོ་དེ་རྣམས་འགྲོ་དགོས་ཕྱིར། །ཐོག་མར་དབང་བསྐུར་བྱེད་གྲུབ་ཅིང་། །ཁྱད་པར་སྣང་བ་གསུམ་གྱི་སྔོན། །བླ་མ་དམ་པའི་ཞབས་བཏུད་དེ། །ཞེས་པས་རྒྱུ་ཡི་དབང་བསྟན་པར། །ཐམས་ཅད་མཁྱེན་པ་ཆོས་ཀྱི་རྗེས། །དབང་མ་བསྐུར་ལ་བླ་མ་མེད། །ཅེས་པའི་འབྲེལ་གྱིས་ཤེས་པའི་ཚུལ། །རྒྱས་བཤད་རྣམ་འགྲེལ་རྣམས་སུ་ཡང་། །ཕྱི་ནང་གསང་བ་མཐར་ཐུག་གི །བླ་མ་བཞི་ཡི་ལུས་སོགས་ལ། །དབང་བཞི་བསྐུར་ནས་དབྱིབས་སོགས་ཀྱི། །ལམ་བཞི་བསྒོམས་པས་སྐུ་