R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༧བ
[A:༣༧བ]ཚེ་ཇི་ལྟར་བྱེད། །ཁྱད་པར་དུ་ཡང་རྒྱུད་གསུམ་གྱིས། །དཀྲི་བའི་སྐབས་སུ་རྒྱུ་ཆོས་ཅན། །འཁོར་བའི་གནས་ལུགས་བསྒོམ་ཞེས་པ། །མ་དག་སྣང་བའི་སྐབས་བཞིན་དུ། །སླར་ཡང་བསྒོམ་པར་གསུངས་པ་དང་། །ཤིན་ཏུ་རྒྱས་བཤད་སྐབས་སུ་ཡང་། །སྣང་བ་གསུམ་གྱི་དོན་དྲན་པར། །ལེགས་པར་གསུངས་ན་ཇི་ལྟར་རྒོལ། །གཞན་ཡང་སྣང་བ་གསུམ་གྱི་སྔོན། །བསག་སྦྱོང་རྣམ་གཉིས་བྱ་དགོས་ཏེ། །ཁྲིད་ཀྱི་སྔོན་འགྲོ་ཡིན་ཕྱིར་རོ། །དགོས་ན་དབང་བསྐུར་མ་ཐོབ་པའི། །བླ་མ་སྐབས་འདིའི་ཚོགས་ཞིང་དུ། །མི་རུང་གལ་ཏེ་རུང་ན་ནི། །བླ་མ་སངས་རྒྱས་ཉིད་ཡིན་ཞེས། །བྱ་བ་དབང་བསྐུར་ཐོབ་ནས་ཡིན། །ཞེས་གསུངས་པ་ཡང་དྲང་དོན་འགྱུར། །རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱང་། །དབང་མ་ཐོབ་པར་མི་རུང་ན། །སྒྲིབ་པ་སྦྱོང་བསག་གང་དུ་འགྱུར། །གལ་ཏེ་དབང་རྗེས་བྱེད་ཅེ་ན། །དེ་གཉིས་སྔོན་འགྲོ་མིན་པ་འམ། །སྣང་བ་གསུམ་པོ་ཁྲིད་མིན་ཏེ། །སྔོན་འགྲོ་སྔོན་དུ་མི་དགོས་ཕྱིར། །གལ་ཏེ་སྣང་གསུམ་ཁྲིད་མིན་ན། །ཁྲིད་ཚུལ་ཉེར་བརྒྱད་ཉེར་དགུ་ཞེས། །དཀར་ཆག་ཏུ་གསུངས་ཇི་ལྟར་བགྲང་། །མདོར་ན་སྣང་བ་གསུམ་གྱི་སྔོན། །སྔོན་འགྲོ་བཅུ་གཉིས་འགྲོ་དགོས་པར། །གང་ཟག་དབང་པོ་རབ་འབྲིང་གསུམ། །བཀྲི་བའི་གཞུང་ཤིང་ཉིད་དུ་ནི། །མི་མཐུན་སྒྲིབ་སྦྱོང་ཡིག་བརྒྱ་དང་། །མཐུན་པའི་ཚོགས་བསགས་མཎྜལ་དང་། །འཁོར་བའི་ཉེས་དམིགས་བསྒོམ་པ་གསུམ། །ཞེས་དང་། ཐུན་ཐམས་ཅད་ཀྱི་མགོར། །དགོས་པ་རྣམ་པ་བཅུ་གཉིས་ཏེ། །གནད་དབབ་གསུམ་དང་སྔོན་འགྲོ་གསུམ། །ཞེས་དང་ཁྲིད་ཀྱི་དཀར་ཆག་ཏུ། །ཐམས་ཅད་སྔོན་