R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༧བ
[A:༤༧བ]གསུངས་པ་ལ། གཞུང་ཇི་ལྟ་བ་བཞིན་དུ་བཀྲི་བ་དངོས་སུ་མཛད་པའི་ལུགས་གཅིག་དང་། ཐོག་མར་སྣང་བ་གསུམ་གྱི་ཁྲིད་མཛད། དེ་ནས་དབང་བསྐུར་ཏེ་ལྟ་བ་འཁོར་འདས་དབྱེར་མེད་སོགས་ནས་རིམ་པར་གསུངས་པ་ལ། དེའི་གནད་བསྡུས་ཏེ་ཉམས་སུ་ལེན་པའི་གདམས་ངག་ཅེས་ཐ་སྙད་མཛད་ནས། འོག་མ་འདི་རྗེ་བཙུན་དམ་པ་དེ་ཉིད་ཀྱིས་རྩལ་དུ་སྟོན་ནས་གནང་བ་འདྲ་བསམ་པ། བདག་ལྟ་བུ་དད་པ་ལ་ནོར་དུ་བྱེད་པའི་ལུགས་གཉིས་ཀ་ལ་དད་པ་མི་འདོར་བདག་གི་བློ་ལ་ཤར་བ་དེའི་ཚེ། རྗེ་ས་པཎ་གྱི་ཁྲིད་ཡིག་དཀར་ཆག་ཀྱང་དངོས་བསྟན་དང་སྦྱར་ནས་མཛད་དོ་ཞེས་བརྗོད་ན། རྗེས་བཙུན་དམ་པ་དེའི་དགོངས་པར་ཨེ་འགྱུར། བཀྲི་ཚུལ་ཕྱི་མའི་ཤླཽ་ཀ་གཅིག་པོའི་སྙིང་པོ་དང་། གཉིས་ལས་གསུམ་བྱུང་དང་། ཀུན་དང་། བླ་མའི་དྲིན་ཅེས་པའི་གསུང་གི་ནུས་པ་གོང་གི་གཉིས་པོ་ལ་ངོས་ཨེ་འཛིན། མདོར་ན་ཤླཽ་ཀ་གཅིག་པོའི་འབྲུ་གནོན་གསལ་བ་གཅིག་མཁྱེན་ཞེས་པ་ནི་དྲི་བའོ་ཞེས་དང་། ལན་ལ་གཞུང་ཤིང་དངོས་ལས་བརྩམས་པའི་དྲི་ལན་དང་། གནད་བསྡུས་ཏེ་ཉམས་སུ་བླང་ཚུལ་ལས་བརྩམས་པའི་དྲི་ལན་གཉིས་སུ་མཛད་ནས། དང་པོ་ལ་རྗེས་བཙུན་དམ་པ་འདིའི་བཞེད་པས་གཞུང་ཇི་ལྟར་བ་བཞིན་དུ་བཀྲི་བའི་གཞུང་ཤིང་ལས། གཞུང་ཤིང་དངོས་དང་། དེའི་གནད་བསྡུས་ནས་ཉམས་སུ་ལེན་ཚུལ་གཉིས་སུ་མཛད་པ་དེའི་ངོས་འཛིན་ཐོག་མ་ཉིད་ནས་རྒྱུ་དུས་ཀྱི་དབང་བསྐུར་ཏེ་དམ་ཚིག་ལ་སོགས་པ་བསྟན་ནས། ཕྱིས་སྣང་བ་གསུམ་ལ་སོགས་པའི་ཁྲིད་ཀྱི་རིམ་པ་ཐམས་ཅད་ཕྱོགས་མཐུན་དུ་སྟོན་པའི་ལུགས་གཅིག་དང་། ཐོག་མར་སྣང་བ་གསུམ་གྱི་ཁྲིད་