R4: གངས་ཅན་ཡུལ་གྱི་ས་ལ་སྤྱོད་པའི་མཐོ་རིས་ཀྱི་རྒྱལ་བློན་གཙོ་བོར་བརྗོད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།

  • Pagination (Witness A): ༣༤
[A:༣༤]ཨེ་མ་ངོ་མཚར་ཆེ༎ ལྷ་གཅིག་ཀོང་ཇོ་ཁྱེད༎ བདག་གི་ཚིག་ལ་གསོན༎ བཀྲ་ཤིས་ཉམས་སུ་དགའ༎ བོད་ཀྱི་རྒྱལ་ཁམས་ན༎ རིན་ཅེན་སྣ་ལས་གྲུབ༎ རྒྱལ་པོའི་ཕོ་བྲང་ན༎ མི་རྗེ་ལྷ་ཡིས་མཛད༎ སྲོང་བཙན་སྒམ་པོ་དེ༎ རིགས་གཟུགས་དཔལ་གྱིས་བརྗིད༎ མཐོང་ན་སེམས་ཡིད་འཕྲོག། ཐུགས་རྗེ་ཆེན་པོ་ལགས༎ རྒྱལ་སྲིད་ཆོས་བཞིན་སྐྱོང་༎ འབངས་རྣམས་བཀའ་ལ་ཉན༎ རྒྱལ་བློན་འཁོར་འབངས་རྣམས༎ དགའ་སྐྱིད་གླུ་རུ་ལེན༎ ཆོས་ཀྱི་ཉི་མ་ཤར༎ དཔལ་གྱི་སྒྲོན་མེ་བཏེག། རི་ལ་ཤིང་སྣ་ཚང་༎ ས་གཞི་ཡངས་པ་ལ༎ འབྲུ་སྣ་ལྔ་ཡི་ཚོགས༎ གོ་མཚམས་མེད་པར་སྐྱེ༎ གསེར་དངུལ་ཟངས་ལྕགས་སོགས༎ རིན་ཅེན་དུ་མ་ཡོད༎ གནག་རྟ་ལུག་གསུམ་རྒྱས༎