R4: གངས་ཅན་ཡུལ་གྱི་ས་ལ་སྤྱོད་པའི་མཐོ་རིས་ཀྱི་རྒྱལ་བློན་གཙོ་བོར་བརྗོད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།

  • Pagination (Witness A): ༣༥
[A:༣༥]དགའ་སྐྱིད་དེ་ལྟར་ཡོད༎ ཨེ་མ་ངོ་མཚར་ཆེ༎ ལྷ་གཅིག་ཀོང་ཇོ་གསོན༎ ཞེས་སྙན་པའི་དབྱངས་སུ་བླངས་པས། ལྷ་གཅིག་གི་ཐུགས་བསོས། རྒྱལ་པོས་ལྷ་གཅིག་བཤུལ་དུ་ཞུགས་པའི་སྐྱེལ་ཐུང་ལ་བྱོན་པའི་གྲལ་དུ། འབྲི་སེ་རུ་གུང་ཐུན་གྱི་ཕྲག་དོག་གི་གཏམ་ལ་བརྟེན་ནས། རྒྱ་རྗེས་མགར་རྒྱ་ཡུལ་དུ་སྡོད་དགོས་པར་གསུངས་པ་ལ། འདོད་པ་ལྟར་བཅོས་ནས་བསྡད་པས། རྒྱ་རྣམས་བག་ཡངས་སུ་གྱུར་ཅིང་། བློན་པོ་རིག་པ་ཅན་གྱི་བརྒྱུད་པ་འབྱུང་བའི་ཆེད་དུ་མཚར་སྡུག་གི་ལང་ཚོ་ཅན་ཞིག་ཇོ་མོར་བྱིན་ཀྱང་ན་བ་ལྟར་བྱས་ཏེ་མ་འབྲེལ་བར་བློན་པོའི་ནད་ལ་ཕན་པའི་ལྟོ་བཅོས་སུ། དར་ཟབ་བསྲེགས་པའི་ཐལ་བ། ཙན་དན་བསྲེགས་པའི་སོལ་མདུང་། ལུག་གི་མཚེར་ཁྲག་སོགས་མི་འགྲུབ་པ་བསྒྲུབ་ཏུ་བཅུག་པ་དང་། ནས་རྣམས་བརྔོས་ཏེ་ས་བོན་དུ་འདེབས་པ་སོགས་ཐབས་འཕྲུལ་དུ་མས་མ་ཧཱ་ཙི་ནའི་རྒྱལ་ཁམས་ཆམ་ལ་ཕབ་སྟེ་ཐབས་མཁས་ཀྱི་བོད་དུ་ཡོང་ཁར། དཱ་རི་དྲ་ཞིག་ལ། ཐག་རིང་གི་ར་ཕོ་རྒྱ་བོ་ལ་ངོ་ཤེས་མི་བྱའོ༎ ཁ་རོག་སྡོད་ལ་ཀུ་ཅོ་ཐོང་༎ ནག་པོ་ལྕགས་མཁར་ཐུབ་ནས་ཡོད༎ ལུང་པ་ཕུ་རྡུགས་མདའ་རྡུགས་སུ༎ ཐུ་རུ་ཅོག་བྲག་ཁོང་ལ་བཞོག། དར་དཀར་སྒྲིལ་ལ་དར་ནག་རྐྱོང་༎ ཟླ་བས་ཉི་མའི་རྩ་རུ་སླེབ༎ ཅེས་རྒྱ་ཡུལ་དུ་ངན་བྱས་པ་དང་། ཁོང་རང་ཐབས་ཀྱིས་འོང་བ་སོགས་ཀྱི་ལོག་