R495: རྔོག་ལོ་ཙྪ་བ་ཆེན་པོས་བསྟན་པ་ཇི་ལྟར་བསྐྱངས་པའི་ཚུལ་མདོ་ཙམ་དུ་བྱ་བ་ངོ་མཚར་གཏམ་གྱི་རོལ་མོ།

  • Pagination (Witness A): 6a
[A:6a]ཁ་རག་པས་བགྲོས་གསར་དུ་བརྩམས་པས། བགྲོས་གསར་རྙིང་སོ་སོར་གྱེས། གླིང་སྟོད་ཀྱི་བདན་ས་འཇམ་སེང་གི་རྗེས་ལ་ཞུ་སྟོན་ཧྲེལ་མོ་དང་། བློ་གྲོས་འབར་གྱིས་ལོ་ལྔ་ལྔ། མཉལ་ཞིག་གི་སློབ་མ་རྒྱ་སྟོན་ཕྱིང་རུ་པས་ལོ་བཅྭ་བརྒྱད་མཛད། མཉལ་ཞིག་གི་ཉིང་སློབ་རྒྱལ་སྲས་ཆུ་མིག་པས། གདན་ས་མ་མཛད་ཀྱང་། གླིང་སྟོན་ཀྱི་ཟུར་ཆོས་པ་རིང་དུ་མཛད། ཕར་ཚད་གཉིས་ཀྱི་ཊཱི་ཀ་དང་། བསྡུས་པ་བརྩམས། ཕྲིན་ལས་རྒྱ་ཆེ་བར་བྱུང་། མཉལ་ཞིག་གི་དུས་སུ། ས་སྐྱ་པཎྜིཏ་ཇོ་སྲས་གཞོན་ནུ་མར་གྱུར་པས། གསང་ཕུར་བྱོན་ནས་རྣམ་ངེས་གསུངས་ཤིང་། བཤད་ཚར་མཛད། བླ་མར་འོས་པ་ཤིག་འདུག་ཀྱང་བསྟེན་དཀའ་བ་ཅིག་འདུག་གསུང་། མཉལ་ཞིག་ལ་མ་གསན། ཉང་སྟོད་དུ་བརྩེགས་དབང་ཕྱུག་སེང་གེ་དང་། རྐྱང་དུར་བ་གཞོན་ནུ་སེང་གེ་ལ། དབུ་ཚད་དང་། བསྡུས་པ་གསན། ཆུ་མིག་པ་འི་དུས་སུ། འཕགས་པས་གསང་ཕུར་བྱོན། ཐུགས་བསྐྱེད་གསུངས། རྣམ་གཞག་རྒྱ་ཆེན་པོ་མཛད། རྗེ་བཙུན་བསོད་ནམས་རྩེ་མོས་སུམ་ཅུ་སོ་དྲུག་བཞེས་པ། ས་མོ་གླང་གི་ལོ་ལ། སློབ་དཔོན་ཕྱ་པ་འདས། ཆོས་ཁྲིའི་སྟེང་དུ་སྐུ་འབུམ་བཞེབས་པ་ལ། རྗེ་བཙུན་རྩེ་མོས་གསེར་ཏོག་ཕུལ། ཕྱ་པ་འི་སྐུ་ཚད་དང་མནམ་པའི་བྲིས་སྐུ་ཆེན་མོ་རྗེ་བཙུན་ཉིད་ཀྱིས་ཕྱག་བྲིས་སུ་མཛད་པ། དེའི་བཤམ་ན། རྗེས་ལྡོག་མ་འདྲེས་སོ་སོར་འབྱེད་པའི་མིག་རྩ་དམར་པོ་ཅན༎ ཞེས་སོགས་ཀྱི་ཚིག་རིང་པོ་མཛད་པའི་སྐུ་འདྲ་ངོ་མཚན་ཅན་ཕུལ། ཕྱ་པ་འི་སློབ་མ་བྲུ་ཤ་བསོད་ནམས་སེང་གེས་ph: =༤སྣར་ཐང་དུ་རྣམ་པར་ངས་པའི་བཤད་སྲོལ་གཙུགས། དེར་ཕར་ཕྱིན་གྱི་བཤད་སྲོལ་ནི། ཁྲོ་ཕུ་ནས་བརྒྱུད་བ་ཡིན་པས་མཉལ་ཞིག་གི་བཤད་པའི་སྲོལ་ལོ༎ ཞ་ལུ་འི་ཕར་ཕྱིན་དང་རྣམ་ངེས་ཀྱི་བཤད་པའི་སྲོལ་ཡང་ཁྲོ་ཕུ་ནས་བརྒྱུད་པ་ཡིན་པས།