R495: རྔོག་ལོ་ཙྪ་བ་ཆེན་པོས་བསྟན་པ་ཇི་ལྟར་བསྐྱངས་པའི་ཚུལ་མདོ་ཙམ་དུ་བྱ་བ་ངོ་མཚར་གཏམ་གྱི་རོལ་མོ།

  • Pagination (Witness A): 6b
[A:6b]མཉལ་ཞིག་གི་བཤད་པའི་སྲོལ་ལོ༎ དུས་ཕྱིས། གསང་ཕུ་སོགས་སུ་རྣམ་འགྲེལ་གྱི་བཤད་སློ་ལ྄་བྱུང་བ་དེ་དག་ནི། ལོ་ཆེན་གྱི་བཤད་པའི་སྲོལ་མ་ཡིན་གྱི། ས་སྐྱར་ནོར་བཟང་དང་། ཉ་དཔོན་གྱི་བཤད་པ་ལས་འཕེལ་ལོ༎
III shes rab 'bar etc. གསུམ་པ་འབྲེ་ཆེན་པོ་ཤེས་རབ་འབར་གྱིས་བོ་དོང་དུ་བཤེས་གཉེན་ཆེན་པོ་ལ་ཆོས་མངོན་པ་གསན་ཞིང་། ལོ་ཆེན་ལ་ཕར་ཕྱིན་གསན་ནས། ལོ་ཆེན་གྱིས་ཟུར་ཆོས་པ་མཛད་པའི་སློབ་མའི་གཙོ་བོ་ནི་ཨཱར་བྱང་ཆུབ་ཡེ་ཤེས་ཡིན་ལ། ཕྱིར་གནས་རྙིང་གི་བཤད་གྲྭ་ཆེན་པོ་གཙུགས་པ་ཡིན་ནོ༎ འདིས་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་། ཉི་ཁྲི་སྣང་བ་དང་། བརྒྱད་སྟོང་འགྲེལ་ཆེན་ལ་སོག་སྤའི་ཊི་ཀ་མཛད་དོ༎ ཨཱར་བྱང་ཡེ་ཤེས་ཀྱིས་ཤར་ཕྱོགས་ཀྱི་རྣམ་བཤད་མང་དུ་མཛད་ཅིང་། གནམ་རྩེ་ལྡེང་དང་། གཞུ་ཀུན་དགའ་ར་བར་བཤད་པ་མཛད། ཕར་ཕྱིན་གྱི་དཔེ་འགྲེམས། སྟོང་རྭ་ཅན་ཙམ་བྱུང་། མཁས་མགོ་བཙུན་གྱིས་སྟོན་པ་ཨཱར་ཞས་ཟེར། དེའི་སློབ་མ་གཞོན་ནུ་ཚུལ་ཁྲིམས་ཡིན༎ དེའི་སློབ་མ་ནི། མཇམ་དཔལ་གཞོན་ནུ་བྱང་ཆུབཡིན་ལ། འདི་བོ་དོང་དུ་ཕར་ཕྱིན་གྱི་བཤད་པ་ཕྱིས་དར་བར་མཛད་པའང་ཨཱར་གྱི་སྲོལ་ལོ༎ དེའི་སློབ་མ་བྱང་ཆུབ་འབུམ་ཡིན་ལ། དེའི་སློབ་མ་མཉལ་ཞིག་གོ༎ བྱ་འདུལ་བ་འཛིན་པ་ནི། འབྲེ་ཆེན་པོ་ཤེས་རབ་འབར་ལས་རབ་ཏུ་བྱུང་ཞིང་། མཚན་བརྩོན་འགྲུས་འབར་དུ་བཏགས་སོ༎ IV khyung rin chen grags བཞི་པ་ཁྱུང་རིན་ཆེན་གྲགས་ཀྱི་ས་ནི། ལོ་ཆེན་གྱི་ཟུར་ཆོས་ཡུན་རིང་དུ་མཛད་ཅིང་། ཕྱིས་ཉང་སྟོད་སྨོན་གྲོ་དང་། སྟག་ཚལ་ལ་སོགས་པར་བཤད་ཉན་མཛད་པའི་སློབ་མའི་གཙོ་བོ་ནི། གངས་པ་ཤེའུགོང་བུ་རྭ་ཅནམེས་ལྷང་ཚེརརྡོག་སྐྱའོ་ལ་སོགས་པ་ཡིན་ལ། འདི་དག་གིས་གཞོན་ནུ་མའི་དུས་སུ་ལོ་ཆེན་ལ་ཐུག་ཅེས་ཀྱང་ཟེར་རོ༎ ཁྱུང་ལ་ཕར་ཕྱིན་དང་། དབུ་ཚད་གསན་ཞེས་བཤད་པའང་སྣང་ངོ༎ རྗེས་ས་སྐྱ་པ་ཆེན་པོས་ཀྱང་། ཁྱུང་ལ་ཕར་ཕྱིན་དང་། དབུ་ཚད་གསན་ཞེས་བཤད་པའང་སྣང་ངོ༎
In short