R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 14
[A:14]ལ་ལོ་བརྒྱ་དང་ལྔ་འགྲོ། རིགས་ལྡན་ས་སྐྱོང་འདས་ཤིང་། དཔལ་སྐྱོང་གིས་ཆོས་བསྟན་ནས་ལོ་བཅུ་གསུམ་པའི་སྟེང་དུ་སླེབས། དྲག་པོས་ཀླ་ཀློ་འཇོམས་པའི་བར་ལ་ལོ་བརྒྱད་བརྒྱ་ད་ང་སུམ་ཅུ་རྩུ་བདུན་ཡོད་ཅིང་། སྤྱིར་བསྟན་པ་ལོ་ཉིས་སྟོང་དྲུག་བརྒྱ་སུམ་ཅུ་རྩ་བདུན་སླད་དུ་ཡོད་དོ། ། ཤམ་བྷ་ལའི་རྒྱལ་རབས་བརྗོད་པའི་ཞར་ལ་དུས་འཁོར་ལུགས་ཀྱི་བསྟན་པའི་རྒྱལ་རབས་ཀྱང་ཤིན་ཏུ་གསལ་བ་[B:14a]ཞིག་ཐལ་ལོ། །
བོད་ཀྱི་རྒྱལ་རབས་བཤད་པ་ནི། དེ་ཡང་བོད་ཀྱི་མི་རྣམས་ཐོག་མར་ཆགས་ཚུལ་ལ་སྤྲེའུ་དང་བྲག་སྲིན་མོ་གཉིས་འདུས་པ་ལས་ཆགས་པའི་གཏམ་མཆིས་ཤིང་། ཡང་རྩོད་ལྡན་གྱི་ཐོག་མ་རྒྱལ་པོ་སྐྱབས་སེང་གི་བུ་ལྔས་རུ་ཏྲ་དཔུང་ཚོགས་བཅོམ་པའི་ཚེ། རུ་ཤི་ཞེས་བྱ་བའི་རྒྱལ་པོ་དཔུང་ཚོགས་དང་བཅས་པ་བུད་མེད་ཀྱི་ཆས་སུ་བྱས་ཏེ་བྲོས་ནས་རི་ཁ་བ་ཅན་གྱི་ནང་དུ་བཞུགས་པའི་རིགས་ལས་ཆད་པ་སོགས་དུ་མ་ཞིག་སྣང་བ་དང་། ལུང་རྣམ་འབྱེད་དང་དུས་ཀྱི་འཁོར་ལོ་སོགས་སུའང་བོད་ཅེས་མང་དུ་འབྱུང་བས་ངོ་བོ་བདག་ཅག་གི་སྟོན་པ་བྱོན་པའི་དུས་ལས་ཡུལ་དང་མི་གཉིས་ཀ་ཆེས་སྔ་བར་ཆགས་
རྒྱ་གར་དང་དུས་མཉམ་དུ་ཆགས་པར་བྱས་ནའང་འགལ་བ མེད
པ་ཞིག་ཏུ་སྣང་། རྒྱལ་རྒྱུད་ནི་བུ་[B:15]སྟོན་ཆོས་འབྱུང་དུ་གསལ་རྒྱལ་གྱི་སྲས་ལྔ་ཚིགས་སམ། གཟུགས་ཅན་སྙིང་པོའི་བུ་སྟོབས་ཆུང་གི་སྲས་ལྔ་ཚིགས་སམ། པད་ས་ལའི་རྒྱལ་པོ་འཆར་བྱེད་ཀྱི་བུ་སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པ་ཞིག་བྱུང་བ་དེ་ཡིན་ནམ་ཞེས་བཤད་དེ། གསུམ་ཀ་རྗེ་