R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 15
[A:15]གཉའ་ཁྲི་བཙན་པོ་ཡིན་པར་མཐུན། དེ་ཡང་ཤཱཀྱའི་རིགས་སུ་གསུངས་པས་སྔ་མ་གཉིས་མིན་པར་ངེས་ལ། ཕྱི་མ་ཤཱཀྱའི་གདུང་རབས་ཡིན་ན་ཕྱོགས་འགྲིག་གོ །དེ་ལ་རྗེ་གཉའ་ཁི་བཙན་པོ་ཉིད་ཀྱིས་ཡུལ་ཡར་ཀླུངས་སོག་ཁར་བྱོན་ཏེ། ཕོ་བྲང་འུམ་བུ་བླ་མཁར་བརྩིགས་པ་བོད་ཀྱི་ཕོ་བྲང་སྔ་ཤོས་སུ་འདུག དེ་ནས་རིམ་པ་བཞི་མུ་ཁྲི་བཙན་པོ། དིང་ཁྲི་བཙན་པོ། སོ་ཁྲི་བཙན་པོ། མོ་ཁྲི་བཙན་པོ། གདགས་ཁྲི་བཙན་པོ། སྲིབས་ཁྲི་[B:15a]བཙན་པོ་སྟེ་བདུན་ལ་གནམ་གྱི་ཁྲི་བདུན་ཟེར། རྒྱལ་པོ་ཕྱི་མ་དེའི་སྲས་གྲི་གུམ་བཙན་པོ། དེའི་སྲས་པུ་དེ་གུང་རྒྱལ་དང་གཉིས་ལ་སྟོད་ཀྱི་སྟེང་གཉིས་ཟེར། དེ་ཡང་རྒྱལ་པོ་གྲི་གུམ་ཐུགས་འཁྲུལ་ཏེ་རྐྱེན་མེད་པར་བློན་པོ་ལོ་ངམ་དང་འཐབས་པས་བློན་པོས་བཀྲོངས་ཏེ། སྲས་ཤ་ཁྲི། ཉ་ཁྲི། བྱ་ཁྲི་གསུམ་ཀོང་ལོང་སྤོ་བོའི་ཡུལ་སོགས་སུ་ཕུད། རྒྱལ་སྲིད་ལོ་ངམ་གྱིས་བཟུང་སྟེ། རྒྱལ་པོའི་བཙུན་མོ་ལ་རྟ་རྫི་དང་། ལྷ་གཅིག་ལ་ཆུང་མ་བཅོལ། དེའི་ཚེ་རྒྱལ་པོའི་བཙུན་མོ་ལ་ཡར་ལྷ་ཤམ་པོའི་བུ་གཅིག་བྱུང་བ། མིང་རུ་ལས་སྐྱེས་ཞེས་གྲགས། དེ་ནར་སོན་ནས་ལོ་ངམ་བསད་དེ། ཕུ་བོ་གསུམ་འབོད་དུ་ཕྱིན་པས་སྤོ་བོའི་ཡུལ་ནས་སྲས་བྱ་ཁྲི་གཅིག་པུ་གདན་དྲངས་ཏེ། རྒྱལ་སར་བཏོན་པས་པུ་དེ་གུང་རྒྱལ་དུ་གྲགས།[B:16] སྐུ མཁར་འཕྱིང་ང་སྟག་རྩེ་བརྩིགས་ཤིང་། བློན་པོ་ནི་ནུའོ་རུ་ལས་སྐྱེས་ཀྱིས་བྱས་སོ། །རྒྱལ་བློན་འདི་དག་གི་དུས་སུ་འཇིག་རྟེན་པ་རྣམས་ཞིང་ལ་སོ་ནམ་བྱེད་པའི་སྲོལ་དར་ཞིང་། བསོད་ནམས་ཀྱི་མཐུ་ལས་དངུལ་ཟངས་ལྕགས་གསུམ་ཡང་ཐོན་ཟེར། ཆབ་སྲིད་ནི་བོན་གྱིས་བསྐྱངས་པར་གྲགས་ཏེ། འདིའི་དུས་སུ་མཐའ་ཁོབ་ཏ་ཟིག་གི་ཡུལ་དུ་སྐྱེས་པའི་སྟོན་པ་གཤེན་