R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 13
[A:13]ལ་སྟོང་ལྔ་བཅུ་སྟེ། བསྡོམས་པས་ལོ་སུམ་སྟོང་ཉིས་བརྒྱ་ལྔ་བཅུ་རྩ་ལྔ་བྱུང་། དེ་ལ་བཞི་ཆར་བགོས་པའི་ལོ་བརྒྱད་བརྒྱ་དང་ཕྱེད་དང་བཅུ་བཞི། བཞི་ཆ་རེ་དང་བཅས་པ་རྫོགས་ལྡན་གྱི་ལོ་དང་། དེ་ནས་དེ་ཙམ་རེ་རིམ་པ་བཞིན་གསུམ་ལྡན། གཉིས་ལྡན། རྩོད་ལྡན་གྱི་ལོར་འཇོག དུས་བཞི་ཕྱི་མ་ནི་དྲག་པོ་འཁོར་ལོ་ཅན་གྱི་ཀླ་ཀློ་བཅོམ་སྟེ། གླིང་བཅུ་གཉིས་སུ་སངས་རྒྱས་ཀྱི་ཆོས་འཇོག་པར་མཛད་པ་ནས་ཡིན་ཞིང་། དེ་ལ་ལོ་གྲངས་སྟོང་བརྒྱད་བརྒྱ་ཡོད་པའི་བཞི་བརྒྱ་དང་ལྔ་བཅུ་རྩ་བཞི་ཕྱི་མ་འཁོར་ལོ་ཅན་གྱི་བསྟན་པའི་རྫོགས་ལྡན་གྱི་ལོ་དང་། དེ་[B:13a]ནས་དེ་ཙམ་རེ་རིམ་པ་བཞིན་གསུམ་ལྡན། གཉིས་ལྡན། རྩོད་ལྡན་གྱི་ལོར་འཇོག སྤྱིར་ན་དུས་བཞི་སྔ་ཕྱི་བསྡོམས་པས་ལོ་ལྔ་སྟོང་ལྔ་བཅུ་རྩ་ལྔ་བྱུང་བ་ལ། སྟོན་པ་སངས་དས་ནས་དགུང་ལོ་གྱ་གཅིག་པ་མྱ་ངན་ལས་འདས་པའི་བར་གྱི་ལོ་བཞི་བཅུ་རྩ་དྲུག་འཕྲི་བ་ན། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ལྔ་སྟོང་དང་དགུར་བསྟན་པ་གནས་པར་གྲུབ་པས། མདོ་སྡེའི་ཕྱོགས་ནས་ལྔ་སྟོང་གནས་པར་གསུངས་པ་དང་། ལོ་དགུའི་ཁྱད་པར་ལས་མ་བྱུང་ཞིང་། དེ་ཙམ་ནི་རགས་རྩིས་ཞིབ་རྩིས་ཀྱི་ཁོག་ཏུ་འདུས་འོང་བས་དུས་འཁོར་ལུགས་དང་། མདོ་སྡེའི་ཕྱོགས་གཉིས་བསྟན་པའི་གནས་ཚད་ཀྱི་ལོ་གྲངས་ལ་མི་མཐུན་པ་མེད་དེ། འོ་ན་སྔར་བསྟན་པ་ཇི་ཙམ་འདས་ཤིང་། སླད་[B:14]དུ་ཇི་ཙམ་ལུས་པ་ཡིན་ཞེ་ན། དེ་ཡང་སྟོན་པ་སངས་རྒྱས་ནས་དུས་འཁོར་ཊཱིཀ་ཆེན་བརྩམས་པའི་ཀུན་དགའི་ལོ་ཤིང་སྟག་ཡན་ལ་ལོ་ཉིས་སྟོང་སུམ་བརྒྱ་བཅུ་གསུམ་སོང་ཞིང་། རིགས་ལྡན་ས་སྐྱོང་གིས་ཆོས་བསྟན་ནས་ལོ་བརྒྱད་འདས། དེ་ནས་དེང་སང་གི་རྣམ་འཕྱང་ཞེས་པ་ས་ཕོ་ཁྱི་འདི་ཡན་