[A:17]གཉན་བཟུང་བཙན། དེའི་སྲས་འབྲོང་གཉན་ལྡེ་རུ་སྟེ། འདི་ལ་བཙུན་མོ་ཀླུ་མོ་ཞིག་ཡོད་པ་ཁམ་ཟས་ལོགས་སུ་ཟ་ཞིང་ལུས་མདངས་དང་ལྡན་པ་རྒྱལ་པོས་གཟིགས་[B:17a]པ་ན། ཟས་བཟང་པོ་ཞིག་ཡོད་པར་འདུག་དགོངས་ནས། བཙུན་མོའི་ལྐོག་ཏུ་ལྡེ་ཚབ་ཀྱིས་སྒོ་ཕྱེ་བས་སྦལ་པ་མར་ཁུས་བཙོས་པ་མང་པོ་གཟིགས་པས་ཐུགས་དྭོགས་བཟོས་ཏེ་སྙུང་དུ་སྐུ་མཛེ་བྱུང་། སྲས་དམུས་ལོང་ཞིག་ཡོད་པ་ལ་ཡབ་མེས་ཀྱི་གཉན་པོ་གསང་བ་ལ་མཆོད་པ་ཕུལ།
ལྷ་རྗེ་བོས་ལ་མིག་ཕྱེ་ནས་རྒྱལ་སྲིད་བཟུང་ཞེས་ཞལ་ཆེམས་གསུངས་ནས་ཡབ་ཡུམ་བ།ཉིས་ཀ་གསོན་པོར་བང་སོར་ཞུགས། སྲས་ཀྱིས་ཡབ་ཀྱི་གསུང་བ་བཞིན་བྱས་པས་སྤྱན་བྱེ་སྟེ། སྟག་རི་ལ་གཉན་འགྲོ་བ་གཟིགས་པས། རྒྱལ་པོ་སྟག་རི་གཉན་གཟིགས་ཞེས་གྲགས། དེའི་སྲས་གནམ་རི་སྲོང་བཙན་ཏེ།
འདིའི་དུས་སུ་བྱང་ནས་ཚ་རྙེད་ཅིང་། རྒྱ་ནས་རྩིས་དང་སྨན་སོགས་བྱུང་།
འདིའི་སྲས་སྲོང་བཙན་སྒམ་པོ་སྟེ། འདི་[B:18]ནི་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་སྟོང་བཞི་བརྒྱ་ཞེ་དགུ་འདས་པའི་མེ་མོ་གླང་གི་ལོ་ལ་ཡར་སྣོན་སྦྲ་སྟོད་ཚལ་དུ་ཕོ་བྲང་བྱམས་པ་མི་འགྱུར་གླིང་ཞེས་བྱ་བར་སྐུ་འཁྲུངས།
བླ་མ་འཕགས་པའི་ཤེས་བྱ་རབ་གསལ་དུ། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ན་རྗེ་གཉའ་ཁྲི་བཙན་པོ་དང་། དེ་ནས་ལྔ་བརྒྱ་ན་ལྷ་ཐོ་ཐོ་རི་གཉན་བཙན་འཁྲུངས་པར་གསུངས་པ་ནི་འདས་ལོ་ཤིན་ཏུ་མང་བའི་ཕྱོགས་ཡིན་པས་འདི་དང་སྒྲིག་མི་དགོས་སོ། །དགུང་ལོ་བཅུ་གསུམ་པ་ལ་ཡབ་འདས་ནས་རྒྱལ་སར་བྱོན། བཞུགས་གནས་ཕོ་བྲང་ནི་དམར་པོ་རིར་མཛད། རྒྱལ་པོ་འདི་ལ་སྤྱིར་བློན་པོ་བསམ་གྱིས་མི་ཁྱབ་ཀྱང་། མཆོག་ཏུ་གྱུར་པ་འཕྲུལ་གྱི་སྣ་ཆེན་རིན་
ཡར་ཀླུངས་པ
བཟང་།[B:18a] ཐོན་མི་སམ་