R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 16
[A:16]རབས་ཀྱིས་ཞང་ཞུང་གི་ཡུལ་ནས་བོན་བསྒྱུར་ཏེ་དར་བ་བྱས་པ་ཡིན་འདུག བོན་རང་གི་ཡིག་ཚངས་ཁག་ཅིག་ལས་ནི་གཉའ་ཁྲི་བཙན་པོའི་དུས་སུ་བྱུང་བར་ཡང་བཤད་། དེ་ནས་རིམ་པ་བཞིན་ཨ་ཤོ་ལེགས། ཨི་ཤོ་ལེགས། དེ་ཤོ་ལེགས། གུ་རུ་ལེགས། འབྲོམ་རྗེ་ལེགས། ཐོ་ཤོ་ལེགས་དང་དྲུག་ལ་བར་[B:16a]གྱི་ལེགས་དྲུག་ཟེར། དེ་ནས་རིམ་བཞིན་རྒྱལ་བཟའ་རྣམ་ཟིན་ལྡེ། ལྡེ་འཕྲུལ་ནམ་གཞུང་བཙན། སེ་རྣོལ་རྣམ་ལྡེ། སེ་རྣོལ་པོ་ལྡེ། ལྡེ་རྣོལ་ནམ། ལྡེ་རྣོལ་པོ། ལྡེ་རྒྱལ་པོ། ལྡེ་སྤྲིན་བཙན་དང་བརྒྱད་ལ་སའི་ལྡེ་བརྒྱད་ཟེར། དེ་ནས་རིམ་པ་བཞིན་ཁྲི་བཙན་ནམ། ཁྲི་དགྲ་དཔུང་བཙན། ཁྲི་ཐོག་རྗེ་ཐོག་བཙན་དང་གསུམ་ལ་འོག་གི་བཙན་གསུམ་ཟེར་ལ། བཙན་ཕྱི་མའི་སྲས་ལྷ་ཐོ་ཐོ་རི་གཉན་བཙན་ཏེ་ཀུན་ཏུ་བཟང་པོའི་སྤྲུལ་པར་བྱེད་། འདི་པ་ཕོ་བྲང་འུམ་བུ་བླ་མཁར་གྱི་རྩེར་བཞུགས་པ་ན། ནམ་མཁའ་ནས་མདོ་ཟ་མ་ཏོག་བཀོད་པ་སྤང་སྐོང་ཕྱག་རྒྱ་པ། གསེར་གྱི་མཆོད་རྟེན་རྣམས་བབས་བྱུང་བ་ལ། མིང་གཉན་པོ་གསང་བར་བཏགས་ནས་མཆོད་པ་བྱས་པས་ལོ་བརྒྱ་ཉི་ཤུ་ཐུབ་ཅིང་།མནལ?རྣལ་ལམ་དུ་ཁྱོད་[B:17]ནས་གདུང་རབས་ལྔ་ན་འདིའི་དོན་ཤེས་པ་འབྱུང་། ཞེས་པའི་ལུང་བསྟན་ཡང་བྱུང་ཞེས་གྲགས། ནེལ་པ་ནི་བོན་པོ་ནམ་མཁའ་ལ་དགའ་བས་དེ་ནས་བབས་ཟེར་བ་ཡིན་གྱི། དོན་ལ་པཎྜི་ཏ་བློ་སེམས་མཚོ་དང་ལོ་ཙཱ་བ་ལི་ཐི་སེས་ཆོས་དེ་རྣམས་ཁྱེར་འོངས་པ། རྒྱལ་པོས་ཡི་གེའི་ཚིག་དོན་མ་གོ་བས་ཆོས་རྣམས་བཞག་ནས་ལོ་པཎ་ཕྱིར་ལོག་ཟེར་ཏེ། བློ་སེམས་མཚོ་དང་ཞི་བ་མཚོ་དོན་གཅིག་ཅིང་། མཁན་པོས་བོད་ཀྱི་རྒྱལ་རབས་དགུའི་རིང་བལ་པོར་སྒུག་འདུག་པས་དག་པ་འདྲ་ཞེས་དེབ་སྔོན་པར་འཆད། དེའི་སྲས་ཁྲི་