R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 18
[A:18]བྷོ་ཊ།
སྟོད་ལུང་རམ་པ་བ
མགར་སྟོང་བཙན།
འབྲི་གུང་པ
འབྲི་སེ་རུ་གོང་སྟོན།
ཉང་སེར་བ
ཉང་ཁྲི་བཟང་རྣམས་ཡིན། ཐོན་མི་རྒྱ་གར་དུ་བརྫངས་པ་བྲམ་ཟེ་ལི་བྱིན་དང་པཎྜི་ཏ་ལྷ་རིགས་པའི་སེང་གེ་ལས་ཡི་གེ་དང་སྒྲའི་བསྟན་བཅོས་བཅས་བསླབས། བོད་དུ་བྱོན་ཏེ་རྒྱ་ཡིག་ལྔ་བཅུ་བོད་ཡིག་སུམ་ཅུར་གཏན་ལ་ཕབ། རྒྱལ་པོ་ལ་ཡི་གེ་ཕུལ་ཞིང་བློན་པོ་རྣམས་ལའང་བསླབས། མདོ་སྡེ་དཀོན་མཆོག་སྤྲིན་བསྒྱུར་བ་དང་། ཐོན་མིས་མདོ་རྫིའི་སྒྲ་མདོ་ལ་སོགས་པ་རྩོམ་པ་མང་དུ་མཛད་པས། བོད་ལ་བཀའ་དྲིན་ཤིན་ཏུ་ཆེ། ཉིད་ཀྱི་ཞལ་ནས་ཀྱང་། ཡུལ་མཐའ་ཁོབ་བོད་ཀྱི་རྒྱལ་ཁམས་འདིར། །མི་མཁས་པ་སླེབས་པའི་སྔ་མ་ཡིན། །ང་མུན་པ་སེལ་བའི་སྒྲོན་མེ་ཡིན། །རྗེ་རྒྱལ་པོ་ཉི་ཟླའི་ཚུལ་དུ་བཞུགས། །[B:19]
གྲོགས་བློན་པོའི་ཁྲོད་ན་ང་ཙམ་མེད་། །བོད་ཁ་བ་ཅན་པའི་མི་རྣམས་ལ། ། ང་ཐོན་མི་དྲིན་དུ་མི་ཆེ་འམ། །གསུངས་ཏེ་ཐུགས་མད་དོ། །རྒྱལ་པོས་དགུང་ལོ་བཅུ་དྲུག་བཞེས་པ་ན་ན་བློན་པོ་རྣམས་མངགས་ཏེ། བལ་པོའི་རྒྱལ་པོ་འོད་ཟེར་གོ་ཆའི་སྲས་མོ་ཁྲི་བཙུན་བཙུན་མོ་བཀུག་པའི་སྐལ་རྫོངས་སུ། ཇོ་བོ་མི་བསྐྱོད་རྡོ་རྗེ། བྱམས་པ་ཆོས་འཁོར། ཙན་དན་སྒྲོལ་མ། བཻ་ཌཱུརྱའི་ལྷུང་བཟེད་རྣམས་བྱུང་སྟེ། བོད་དུ་སངས་རྒྱས་ཀྱི་བསྟན་པ་འབྱུང་བའི་རྟེན་འབྲེལ་གྱི་མགོ་ཚུགས་པར་སྣང་། ད་གུང་ལོ་བཅོ་བརྒྱད་བཞེས་པ་ན། མགར་ལ་སོགས་པའི་བློན་པོ་རྟ་པ་བརྒྱ་ཐམ་པ་མངགས་ཏེ། རྒྱ་ནག་གི་རྒྱལ་པོ་སེང་གེ་བཙན་པོའི་སྲས་མོ་ལྷ་གཅིག་འུན་ཤིང་ཀོང་ཇོ་སློང་དུ་བཏང་བ་ཕོ་[B:19a]བྲང་ཟིམ་ཤིང་དུ་སླེབས་པའི་ཚེ། རྒྱལ་པོས་བསྐུར་བའི་སྐྱེས་རྣམས་ཕུལ་ཏེ། ལྷ་གཅིག་གནང་དགོས་པའི་རྒྱུ་མཚན་ཞུས་པ་ན། རྒྱ་ནག