R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 19
[A:19]རྒྱལ་པོ་བློན་འབངས་དང་བཅས་པ་ཤིན་ཏུ་མ་དགྱེས་ནའང་། ཅུང་ཟད་རྫུས་ནས། ཁྱེད་བོད་ཀྱི་རྒྱལ་པོ་ལ་དགེ་བ་བཅུའི་ཁྲིམས་འཆའ་བ་དང་། གཙུག་ལག་ཁང་རྩིག་པ་དང་། འདོད་ཡོན་ལྔ་ལ་ལོངས་སྤྱོད་ནུས་པ་ཡོད་དམ། ཡོད་ན་བུ་མོ་སྟེར་བས་དྲིས་ཤོག་ཟེར། དེ་ལ་མགར་གྱིས་འཕྲིན་རེ་སྐྱེས་བར་རྒྱ་བོད་བར་དུ་ཕྱིན་ན་ལྷ་གཅིག་ལོན་པའི་དུས་མི་འོང་། དེའི་ལས་སུ་ཤོག་དྲིལ་གསུམ་པོ་འདི་རྒྱལ་པོ་བསྐུར་བ་ཡིན་ཞེས་རིམ་གྱིས་ཕུལ་བའི་ནང་ན། ལན་ཚིག་གསུམ་པོ་ལྷག་དང་བཅས་པ་འགྲུབ། དེ་ལྟར་བྱས་ཀྱང་བུ་མོ་མི་སྟེར་ན་ངས་སྤྲུལ་པའི་དམག་ཁྲི་ཕྲག་ལྔ་བཏང་[B:20]སྟེ། ཁྱོད་གསོད་ལྷ་གཅིག་ཕྲོགས་ཡུལ་ཁམས་ཐམས་ཅད་བཅོམ་ལ་བཞག་གི་གསུངས་པ་སོགས་གཟིགས་པས། རྒྱལ་པོ་ཤིན་ཏུ་སྐྲག་ནའང་མི་སྐྲག་པ་ལྟར་བཅོས་ནས། ཁྱེད་བོད་ཀྱི་རྒྱལ་པོ་དེ་ཁ་ཚོ་ཤིན་ཏུ་ཆེ་བ་ཞིག་འདུག་ཟེར། རྒྱུན་འདི་ལས་བློན་པོ་མགར་གྱིས་རིག་པ་རྣོ་བའི་རྩལ་བདུན་བརྒྱད་ཙམ་བསྟན་པ་ཐུགས་སུ་མ་ཤོང་ནས་སྲས་མོ་ལྷ་གཅིག སྐལ་རྫོང་དུ་ཇོ་བོ་ཤཱཀྱ་མུ་ནེ་དང་བཅས་པ་ཐུགས་འཕྲེང་བཞིན་དུ་བྱིན། ཡབ་རྒྱལ་པོས་སྐྱེལ་མ་མཛད་པའི་སར་འབྲི་སེ་རུ་གོང་སྟོན་མགར་ལ་ཕྲག་དོག་སྟེ། བློན་པོ་རིག་པ་ཅན་ཞིག་རྒྱ་ནག་ཏུ་བསྡད་ན་རྒྱ་བོད་ཀྱི་འབྲེལ་མི་ཆད་ཟེར། མགར་ལ་མིག་ཅེར་གྱིས་བལྟས་པ་ན། རྒྱལ་པོས་ནན་ཚུགས་སུ་མགར་ལ་[B:20a]སྡོད་དགོས་པའི་ཞལ་ཏ་མཛད། མགར་གྱིས་གྲོགས་པོའི་ཕྲག་དོག་ཏུ་གོ་ཡང་
རྒྱལ་པོ་ཟོན་སློང་བའི་ཆེད་དུ
ཤིན་ཏུ་འདོད་པ་ལྟར་བཅོས་ནས། དེ་བཞིན་དུ་བྱེད་ཞུས། ཐོན་མི་དང་ཉང་གཉིས་ལྐོག་ཏུ་ཁྲིད་དེ་ང་རྒྱ་ནག་ཏུ་ཟླ་བ་ལྔ་ལས་མི་སྡོད། དེ་བར་རྒྱ་ལ་ངན་སྐྱེལ་ཅི་ཐུབ་བྱེད་ཟེར། དེ་ག་བཞིན་དུ་