[A:20]མགར་གྱིས་གཡོ་སྒྱུའི་འཕྲུལ་དཔག་ཏུ་མེད་པ་བཀྱེད་ནས་རྒྱ་ནག་པོའི་རྒྱལ་ཁམས་ཆམ་ལ་ཕབ་ཅིང། བྲོས་ཐར་བ་ལྡན་མའི་ཡུལ་དུ་རྗེས་ཟིན་ཏེ།
ལྷ་གཅིག་དང་ཇོ་བོ་རིན་པོ་ཆེ་བཅས་པ་དམར་པོ་རིར་རྒྱལ་པོའི་དྲུང་དུ་ཕྱག་ཕེབས། སྐྱིད་པའི་དགའ་སྟོན་བསམ་གྱིས་མི་ཁྱབ་པ་མཛད་དེ་མཆོག་ཏུ་འོས་པ་ཡིན་ནོ། །རྒྱལ་པོས་ཆོས་ཀྱི་བདག་པོ་མཛད་ནས། སྤྱན་རས་གཟིགས་ཡི་གེ་དྲུག་མ་དང་། འཕགས་པ་གཤིན་རྗེ་གཤེད་[B:21]སོགས་ཀྱི་ཆོས་སྣ་མང་དུ་གསུང་ཞིང་སྒོམ་གྲྭ་འཛུགས་པ་དང་། ཁྲ་འབྲུག་སོགས་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བཞེངས་པ་མཛད། བཙུན་མོ་གཉིས་ཀྱིས་ཀྱང་འཕྲུལ་སྣང་དང་ར་མོ་ཆེའི་གཙུག་ལག་ཁང་བཞེངས་ཏེ་ཇོ་བོ་རྣམ་གཉིས་སོ་སོར་བཞུགས། མདོར་ན་རྒྱལ་པོ་ཉིད་ཇོ་བོ་ཐུགས་རྗེ་ཆེན་པོ་དང་། བཙུན་མོ་གཉིས་ལྷ་མོ་གཉིས་ཀྱིས་སྤྲུལ་པར་ཐག་ཆོད་ཅིང་། བློན་པོ་ཕལ་ཆེར་ཡང་སྤྲུལ་པར་གྲགས་པ་ཉིད་ཀྱིས་འཛམ་བུ་གླིང་གི་སུམ་གཉིས་དགེ་བ་བཅུའི་རྒྱལ་ཁྲིམས་ཀྱིས་ཁྱབ། མུ་གེ་དང་ཡམས་ནད་དང་འཐབ་རྩོད་ཀྱི་མིང་ཙམ་ཡང་མེད། རབ་བྱུང་གི་གྲྭ་འཛུགས་པ་མ་ཐུབ་པ་ཙམ་མ་གཏོགས་ཆོས་གཞན་ཤིན་ཏུ་དར་བར་མ་ཛད་པས། བོད་དུ་སངས་རྒྱས་ཀྱི་[B:21a]བསྟན་པ་རིན་པོ་ཆེའི་དབུ་བརྙེས་པ་ཞེས་བྱ་བ་ཡིན་ནོ། །དེའི་ཚེ་བཙུན་མོ་གཉིས་ལ་ནི་སྲས་མེད། བཙུན་མོ་གཞན་གཉིས་རིམ་གྱིས་ཁབ་ཏུ་བཞེས་པ་ལའང་སྲས་མ་བྱུང་། རྗེས་སུ་སྟོད་ལུང་ནས་མོང་བཟའ་ཁྲི་ལྕམ་བྱ
བ་ལ་སྲས་མང་སྲོང་མང་བཙན་འཁྲུངས། དགུང་ལོ་བཅུ་གསུམ་ལ་རྒྱལ་སར་བྱོན། རྒྱལ་སྲིད་ལོ་ལྔ་བཟུང་སྟེ་བཅོ་བརྒྱད་ལ་འདས། དེ་ལ་སྲས་གུང་སྲོང་གུང་བཙན་འཁྲུངས་པ་ནར་མ་སོན་པས། སླར་ཡབ་རྒྱལ་པོས་སྲིད་