[A:23]པ་བཙལ་ནས་མཆོད་པ་བཟང་པོ་བྱས། ས་ཕོ་རྟའི་ལོ་ལ་ཕོ་བྲང་བྲག་དམར་
བསམ་ཡས
དུ་སྲས་ཁྲི་སྲོང་ལྡེའུ་བཙན་འཁྲུངས། དེའི་ཚེ་སྲོང་བཙན་སྒམ་པོ་འདས་ནས་ལོ་བརྒྱད་ཅུ་ལོན། སྲས་འཁྲུངས་མ་ཐག་བཙུན་མོ་སྣ་ནམ་བཟས་ང་ལས་སྐྱེས་ཞེས་ཕྲོགས་པ་ན། བློན་པོ་རྣམས་ཐེ་ཚོམ་དུ་གྱུར་ཅིང་། ཀོང་ཇོ་ཡང་སེམས་ཤིན་ཏུ་འཁྲུགས་ཏེ། ད་རང་བུ་དབང་བ་གཅིག་མི་འོང་བསམས་ནས་བོད་ཀྱི་ས་དཔྱད་མང་པོ་ཉམས་པར་བྱས་ཞེས་གྲགས། རྒྱལ་པོས་བཙུན་མོ་གཉིས་ཀྱི་ཡུལ་ནས་ཕ་མིང་གི་མི་བོས་ཏེ་གྲལ་ལ་འཁོད་། སྲས་ལོ་འཁོར་ཙམ་དེར་ཞང་ཕྱོགས་ངོས་འཛིན་བཅུག་པས།
ང་ཁྲི་སྲོང་ལྡེའུ་བཙན་རྒྱ་ཚ་ཡིན། ཁྱོད་སྣ་ནམ་ཞང་གི་དགོས་[B:24a]པ་མེད།
ཟེར་ནས་གསེར་སྐྱོགས་འབྲས་ཆང་གིས་བཀང་བ་རྒྱ་ལ་གཏད་པས་ཡུམ་ཤིན་ཏུ་དགའ་སྟེ། བུས་ཞང་ངོ་ཤེས་ཙ་ན་མང་ཡུལ་སྐྱིད་ཤོད་དམར་པོ་རི་དང་ཡར་ཀླུངས་མི་སྣ་རི་སོགས
ཕྱེད་བརླག་ཚར་ཏེ་འོན་ཀྱང་བཅོས་ཐབས་ཡོད་ཅེས་གསུངས་སྐད། སྲས་འཁྲུངས་ནས་ལོ་ལྔ་ན་ཡུམ་འདས་ཤིང་། རྒྱལ་པོ་དགུང་ལོ་རེ་གསུམ་པ་ལ་ཡར་འབྲོག་ཏུ་འདས། རྒྱའི་དེབ་ཐེར་ལས་ནི་འདི་དང་ཅུང་མི་འདྲ་བ་འབྱུང་། སྲས་དགུང་ལོ་བཅུ་གསུམ་པ་ལ་རྒྱལ་སར་བྱོན། བློན་པོ་མ་ཞང་བྲོམ་པ་ཁྲོན་པ
སྐྱེས་དང་། སྟག་ར་ཀླུ
གོང་སོགས་ཆོས་ལ་མི་དགའ་བ་རྣམས་དབང་ཆེ་བས་ཇོ་བོ་རིན་པོ་ཆེ་དང་པོ་བྱེ་ཐང་དུ་སྦས། དེ་ལ་མི་ཤིས་པའི་ལྟས་འགའ་བྱུང་བས་བཏོན་ཏེ་རྒྱ་གར་དུ་སྐྱེལ་བར་བཏང་བ། མང་ཡུལ་སྐྱིད་གྲོང་དུ་སླེབས་པ་ན་[B:25]ལམ་ལ་མ་ཐར་ཞེས་སྙད་བཏགས་ནས་དེར་བཞུགས་སུ་གསོལ། མེ་ལོང་མར། འདི་རེས་ཇོ་བོ་མི་བསྐྱོད་རྡོ་རྗེ་སྔ་དྲོ་གཅིག་གི་སར་ཁྱེར་བར་བཤད་པ་ནི་དཔེ་ཤིན་ཏུ་