[A:24]མ་དག་པར་གོ་སླའོ། །རྒྱལ་པོ་སྐུ་ནར་སོན་པ་ན་ཆོས་བློན་འགོས་ཁྲི་བཟང་དང་། ཞང་ཉམས་བཟང་སོགས་དང་གྲོས་མཐུན་ནས་ཆོས་བྱ་བར་གླེང་པའི་ཚེ་ཉམས་བཟང་ན་རེ། བློན་པོ་གཞན་གཉིས་དབང་བཙན་པས་མི་འགྲུབ་ཟེར། འགོས་ན་རེ་འགྲུབ་པའི་ཐབས་ཡོད་ཀྱི་ཁོ་བོའི་རྟིང་གནོན་མཛོད་ཅིག་ཟེར། དེ་ག་བཞིན་གཡོ་སྒྱུའི་འཕྲུལ་གྱིས་མ་ཞང་གསོན་པོར་དུར་
སྟོད་ལུང་པ
དུ་བཅུག སྟག་ར་བྱང་ཕྱོགས་ལ་སྤྱུགས། ཐོག་མར་ཇོ་བོ་མང་ཡུལ་ནས་སྤྱན་དྲངས་ཏེ་ལྷ་སར་བཞུགས། སྦ་[B:25a]གསལ་སྣང་མང་མངགས། སློབ་དཔོན་ཞི་བ་མཚོ་སྤྱན་དྲངས་པ་སྔོན་ལ་ལྷ་སར་ཕེབས་ཤིང་། རྗེས་ནས་བསམ་ཡས་སུ་ཕེབས་པ་བཙན་པོས་གུས་པའི་ཕྱག་དང་བསུ་བ་མཛད། མཁན་པོས་དགེ་བ་བཅུ་དང་རྟེན་འབྲེལ་བཅུ་གཉིས་ལས་བརྩམས་པའི་ཆོས་མང་དུ་གསུངས་པས་བོད་ཀྱི་ལྷ་སྲིན་རྣམས་མ་དགའ་སྟེ། དམར་པོ་རི་ལ་ཐོག་རྟེན་པ་དང་། འཕང་ཐང་ཡར་ཀླུངས
ཆུས་འཁྱེར་བ་སོགས་ཆོ་འཕྲུལ་སྣ་ཚོགས་བསྟན་པ་ཉིད་མཁན་པོས་དགོངས་ནས། རེ་ཞིག་བལ་པོར་བྱོན། སློབ་དཔོན་པདྨ་སཾ་བྷ་ཝ་སྤྱན་འདྲེན་པའི་ཞལ་བཀོད་མཛད་པ་བཞིན་སྤྱན་དྲངས་ཏེ། བོད་ཀྱི་ལྷ་ཀླུ་ཐམས་ཅད་དམ་ལ་བཏགས། མཁན་པོའང་སླར་སྤྱན་དྲངས་ནས་རྒྱལ་པོ་[B:26]དགུང་ལོ་ཉི་ཤུ་རྩ་གཉིས་པ་ས་མོ་ཡོས་ཀྱི་ལོ་ལ། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་རྨང་བཏིང་སྟེ།
ལྕགས་མོ་ཡོས་ལ་རྫོགས་པར་གྲུབ། རབ་གནས་གཙོ་བོ་མཁན་པོ་བྱང་ཆུབ་སེམས་དཔའ་དང་། སློབ་ད་པོན་པདྨས་མཛད་དྷ་རྨ་ཀིརྟི་ཡང་ཡིན་འདུག
ཤིང་མོ་ལུག་ལ་མཁན་པོའི་དྲུང་དུ་སད་མི་མི་བདུན་སོགས་རབ་ཏུ་བྱུང་། མེ་ལོང་མར་གཙུག་ལག་ཁང་བཞེངས་པའི་གོང་དུ་མི་བདུན་རབ་