[A:22]ཀྱི་མཆོད་པ་འཛུགས་པ་སོགས་དཀོན་མཆོག་གསུམ་ལ་གུས་པར་མཛད།
རྒྱལ་སྲིད་ལོ་བཅོ་ལྔ་བཟུང་སྟེ་ཉེར་[B:23]བདུན་པ་ལ་གཙང་གི་ས་ཆར་འདས།
རྒྱལ་པོ་འདིའི་དུས་སུ་རྒྱ་དམག་བོད་དུ་བྱུང་སྟེ་དམར་པོ་རི་མེ་ལ་བསྲེགས།
ཇོ་བོ་ཤཱཀྱ་མུ་ནེ་འཕྲུལ་སྣང་དུ་སྦས་པ་མ་རྙེད་ཀྱང་ཇོ་བོ་མི་བསྐྱོད་རྡོ་རྗེ་སྔ་དྲོ་གཅིག་གི་སར་
ཆོས་ལུང་མདར
ཁྱེར་ཞེས་རྒྱའི་དེབ་ཐེར་ལས་བྱུང་།
སླར་བློན་པོ་མགར་གྱིས་བོད་དམག་འབུམ་ཚོ་ཁྲིད་དེ་རྒྱ་ཡི་ཡུལ་ཁམས་བཅོམ།
མགར་རང་ཡང་དམག་ཐོག་དེར་འདས་ཞེས་གྲགས། རྒྱལ་པོ་དེའི་སྲས་འདུས་སྲོང་རྣམ་འཕྲུལ་གྱི་རྒྱལ་པོ་ནི་ཡབ་འདས་ནས་ཞག་བདུན་ན་སྦྲགས་ཕུར་འཁྲུངས། ལོ་ཉི་ཤུ་རྩ་དགུ་རྒྱལ་སྲིད་བཟུང་ནས་དཀོན་མཆོག་གསུམ་གུས་པས་མཆོད་། འདིའི་དུས་སུ་བློན་པོ་རྩལ་པོ་ཆེ་བདུན་བྱུང་བར་གྲགས།
མགར་གྱི་བུ་གཉན་བཙན་ལྡེམ་བུས་བོད་དམག་[B:23a]ཁྲི་ཚོ་འབུམ་ཁྲིད་ནས་རྒྱའི་རྒྱལ་ཁམས་ཕམ་པར་བྱས། བོད་ཀྱི་རྒྱལ་པོ་གཅིག་ལ་མངའ་ཐང་དང་མཐུ་སྟོབས་ཆེ་བར་བྱེད། དེའི་སྲས་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་དུ་གྲགས་པ་ནི་ཕོ་བྲང་ཡར་ཀླུངས
སྟོང་ཐང་ལྷ་དཀར་དུ་སྐུ་འཁྲུངས།
དགུང་ལོ་བཅུ་པ་ལ་རྒྱལ་སར་བྱོན་ཏེ། གཙུག་ལག་ཁང་བརྩིགས་པ་དང་།
ཆོས་བསྒྱུར་བ་སོགས་བསྟན་པའི་ཞབས་ཏོག་ཆེན་པོ་མཛད། མེས་སྲོང་བཙན་གྱིས་སྲས་ཁྲི་སྲོང་ལྡེའུ་བཙན་ལུང་བསྟན་པ་ཉིད་ཁོང་རང་ཡིན་སྙམ་པའི་རློམ་པས་པཎྜི་ཏ་སྤྱན་དྲངས་ཏེ། རབ་བྱུང་གི་སྡེ་འཛུགས་པའི་རྩོམ་པ་ཡང་མཛད་ཅེས་གྲགས། སྲས་ལྗང་ཚ་ལྷ་དབོན་ཞེས་པ་ཞིག་ཡོད་པ་ལ་རྒྱ་ནས་ཀིམ་ཤིང་ཀོང་ཇོ་བཙུན་མོར་བཀུག་པ། རྒྱ་མོ་བོད་དུ་མ་སླེབས་ཙམ་ལ་སྲས་འདས་ནས་མེས་[B:24]དང་ལྷན་ཅིག་འདུས་ཤིང་། ཇོ་བོ་ཤཱཀྱ་མུ་ནེ་སྦས་