[A:25]ཏུ་བྱུང་བར་བཤད་ཀྱང་སྔ་མ་ལྟར་འབྱུང་བ་མང་ངོ་། །
གཞན་ཡང་དད་པ་ཅན་དང་ཤེས་རབ་ཅན་མང་པོ་རབ་ཏུ་བྱུང་བ་ལ་བཀོད་ཅིང་། སྤྱིར་ཁམས་ཡད་སྨད་དུ་ཆོས་ཀྱི་གྲྭ་བཅུ་གཉིས་ཙམ་དང་།
ཡེར་པ་དང་མཆིམས་ཕུར་སྒོམ་གྲྭ་འཛུགས་པ་དང་། ལོ་[B:26a]པཎ་རྣམས་ཀྱིས་སྔགས་མཚན་ཉིད་ཀྱི་ཆོས་ཕལ་མོ་ཆེ་བསྒྱུར་ཅིང་འཆད་ཉན་གྱིས་གཏན་ལ་འབེབས་པའི་ཞབས་ཏོག་བསྒྲུབས་པ་སྟེ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་སྲོལ་གཏོད་པར་མཛད། ཕྱིས་ཇོ་བོ་ཨ་ཏི་ཤའི་ཞལ་ནས་དེ་དུས་ཀྱི་བོད་ཀྱི་བསྟན་པ་འདྲ་བ་རྒྱ་གར་དུ་ཡང་མ་བྱུང་བར་འདུག་ཅེས་སུངས་སྐད། དེ་ནས་མཁན་པོས་བོད་འདིར་མུ་སྟེགས་པ་མི་འབྱུང་ཡང་རྒྱལ་བའི་བསྟན་པ་ཁ་གཉིས་སུ་གྱེས་ཏེ་རྩོད་པར་འགྱུར་བས། དེའི་ཚེ་རྒྱ་གར་ནས་ཀ་མ་ལ་ཤཱི་ལ་སྤྱན་དྲོངས་ལ་རྩོད་པ་བྱེད་དུ་ཆུག་ཅིག་ཅེས་པའི་ཞལ་ཆེམས་གསུངས་ནས་མྱ་ངན་ལས་འདས། མཚམས་ཤིག་ནས་ལུང་བསྟན་ལྟར་རྒྱ་ནག་ནས་ཧྭ་ཤང་བྱུང་སྟེ། ལུས་ངག་གི་ཆོས་སྤྱོད་[B:27]མི་དགོས་པའི་བྱར་མེད་ཀྱི་ངང་ལ་གནས་པས་འཚང་རྒྱ་ཞེས་བསྒྲགས་ནས་བོད་ཕལ་ཆེར་ཆད་ལྟ་ལ་སྦྱར་པ་ན། ཡེ་ཤེས་དབང་པོས?ཕོས་རྒྱལ་པོ་ལ་མཁན་པོའི་ལུང་བསྟན་ཡོད་ཚུལ་ཞུས་པས་སྙེལ་སོས་ཏེ། ཀ་མ་ལ་ཤཱི་ལ་སྤྱན་འདྲེན་པའི་ཕོ་ཉ་བཏང་བ་ཧྭ་ཤང་གིས་གོ་ནས། བསམ་གཏན་ཉལ་བའི་འཁོར་ལོ། བསམ་གཏན་གྱི་ལོན་དང་ཡང་ལེན་གཉིས། མདོ་སྡེ་བརྒྱད་ཅུ་ཁུང་ལས་སོགས་པའི་བསྟན་བཅོས་བརྩམས། དེ་ནས་ཀ་མ་ལ་ཤཱི་ལ་བྱོན་པ་དང་། རྒྱལ་པོ་གོང?གུང་ལ་བཞུགས་ནས་ཧྭ་ཤང་དང་རྩོད་པས་ཕམ་པར་མཛད་དེ་ཧྭ་ཤང་རྒྱ་ཡུལ་དུ་བརྫངས་ཤིང་། དཔེ་དེ་རྣམས་གཏེར་དུ་སྦས་ཞེས་གྲགས། ཀ་མ་ལ་ཤཱི་ལའི་ལུགས་