R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 26
[A:26]དང་ཧྭ་ཤང་གི་ལུགས་གཉིས་ལ་རིམ་པ་བཞིན་ཙེན་མིན་[B:27a]པ་དང་ཏཱོན་མུན་པ་ཟེར་ཏེ། བོད་སྐད་དུ་རིམ་གྱིས་པ་དང་བཅོ་བརྒྱད་པའི་མིང་ངོ་། བསམ་ཡས་ཀྱི་རྒྱལ་བློན་འདི་དག་གི་དུས་སུ་ཡང་རྒྱ་དང་དབོན་ཞང་མི་མཐུན་ནས་དམག་འདྲེན་རེས་འགའ་བྱས་ཤིང་། ལན་ཅིག་དམག་དཔོན་ལྷ་བཟང་ཀླུ་དཔལ་བྱ་བས་བོད་དམག་འབུམ་ཚོ་གཉིས་ཁྲིད་དེ། ཤིང་ཞུན་དང་། ཅིའུ་མཁར། སྨན་རྩེའི་ཡུལ་རྣམས་བཅོམ་ཞེས་རྒྱའི་དེབ་ཐེར་ཆེན་མོ་ལས་འབྱུང་། རྒྱལ་པོ་དེ་ལ་སྲས་ནུ་ནེ་བཙན་པོ།
ཡོ་གའི་ཆོས་འབྱུང་དུ་མུ་ཏི་བཙན་པོ་མུ་ནེ་བཙན་པོའི་སྲས་སུའང་བཤད་དེ་གཞན་དང་མི་མཐུན།
མུ་ཏིག་བཙན་པོ། ཁྲི་ལྡེ་སྲོང་བཙན་དང་གསུམ། སྲས་ཆེ་བ་ལ་རྒྱལ་སྲིད་གཏད་དེ། རྒྱལ་པོ་རང་ཉིད་ཟུར་མཁར་གྱི་ཕོ་བྲང་གཉུག་མ་མཁར་དུ་བཞུགས་ནས་རེ་དགུ་པ་ས་སྟག་ལོར་འདས།[B:28] བུ་སྟོན་ཆོས་འབྱུང་དུ་མུ་ནེ་བཙན་པོ་ཆུ་སྟག་ལ་རྒྱལ་སར་བཏོནབརྟོན། ལོ་གཅིག་དང་ཟླ་བ་བདུན་སྲིད་བཟུང་ནས་བཅུ་བདུན་པ་ལ་འདས་པར་བཤད།
དཔེ་མ་དག
མེ་ལོང་མར། ཆུ་སྟག་ལ་འཁྲུངས་ནས་ཉེར་བརྒྱད་པ་ལ་རྒྱལ་སར་བཏོན། སྲིད་ལོ་གཅིག་དང་ཟླ་བ་དགུ་བཟུང་ནས་ཉེར་དགུ་པ་ལ་འདས་པར་བཤད།
དཔེ་མ་དག
ལུགས་དང་པོ་ལྟར་ན་སྲས་དགུང་ལོ་ལྔ་པར་རྒྱལ་སར་བཏོན་དགོས་པས་ཡབ་དྲུག་ཅུ་རྩ་དགུ་པ་མེ་སྟག་ལ་འད་ས་པར་ཆོས་འབྱུང་དུ་བྱུང་བ་དང་ལོ་གྲངས་མི་འགྲིག ལུགས་གཉིས་པ་ལྟར་ན་རྒྱལ་པོ་དགུང་ལོ་ཞེ་ལྔ་པ་ལ་སྲས་འཁྲུངས་པར་བྱ་དགོས་ཤིང་། དེ་ལྟར་ན་ཡབ་རྒྱལ་པོ་ལྔ་བཅུ་རྩ་དྲུག་པ་ཆུ་གླང་ལ་འདས་པར་ཆོས་འབྱུང་རང་དུ་འབྱུང་བ་དང་ལོ་གྲངས་མི་[B:28a]མཐུན། ཤིང་གླང་ལ་འདས་ཞེས་འབྱུང་བ་ནི་སྤར་མ་དག་པ་སྟེ། སྤར་མ་འདི་ལ་དབང་