[A:28]སྲོང་ལྡེའུ་བཙན་ནས་གདུང་རབས་གཉིས་ན་ཕྱག་ན་རྡོ་རྗེའི་སྤྲུལ་པ་རལ་པ་ཅན་འབྱུང་བར་གསུངས་པ་དང་ཡང་མི་མཐུན་ནོ། །གཙང་མ་རབ་ཏུ་བྱུང་།
ལྷ་རྗེ་དང་ལྷུན་གྲུབ་གཉིས་ཆུང་ངུ་ནས་འདས། དར་མ་རྒན་ཡང་ཆོས་ལ་མི་དགའ་བས་ཁྲི་རལ་པ་ཅན་དགུང་ལོ་བཅུ་གཉིས་པ་ལ་རྒྱལ་སར་བཏོན།
ལོ་འདིར་ཁྲི་སྲོང་ལྡེའུ་བཙན་འདས་ནས་ལོ་ཇོ་སོ་གཉིས་ལོན་པའི་མེ་བྱ་དེ་ཡིན། བུ་སྟོན་ཆོས་འབྱུང་དུ་ལོ་བཅོ་བརྒྱད་པ་ལ་རྒྱལ་སར་བཏོན་པར་[B:30]བཤད་ཀྱང་སྔ་མ་ལྟར་འབྱུང་བ་མང་ངོ་། །བཙུན་མོ་དཔལ་གྱི་ངང་ཚུལ་ཁབ་ཏུ་བཞེས་ཤིང་། ཕྲན་ཁ་དཔལ་ཡོན་གྱིས་བློན་པོ་བྱས་ཏེ། རྒྱལ་ཁམས་ལ་དབང་བསྒྱུར། པཎྜི་ཏ་ཛི་ན་མི་ཏྲ་དང་། ཤི་ལེནྟྲ་བྷོ་ངྷི། དྷ་ན་ཤི་ལ་སོགས་སྤྱན་དྲངས། ལོ་ཙཱ་བ་ཀ་ཅོག་ཞང་གསུམ་གྱིས་ཆོས་བསྒྱུར། དགེ་འདུན་གྱི་སྡེ་མང་པོ་བཙུགས་ནས་སྒོམ་གྲྭ་བཤད་གྲྭ་འདུལ་གྲྭ་རྣམས་དར་བར་མཛད་ཅིང་། རབ་བྱུང་རེའི་ཞབས་རྟོག་ཏུ་འབངས་མི་ཁྱིམ་བདུན་བདུན་འབུལ་བ་དང་། སྙན་གཡས་གཡོན་ལ་གོས་དར་ཡུག་བཏགས་པའི་སྟེང་དུ་རབ་བྱུང་རྣམས་འཁོད་པ་དབུ་ཐོག་ཏུ་བཞུགས་པར་མོས་པ་དགེ་འདུན་དབུ་སྡེ་གཉིས་ཞེས་གྲགས། འུ་ཤང་རྡོའི་འོན་ཅང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་ཡང་[B:30a]བཞེངས་
རབ་གནས་མ་གྲུབ
ཏེ་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་། འདིའི་དུས་སུ་ཡང་རྒྱ་དང་དབོན་ཞང་མ་མཐུན་ནས་བོད་དམག་ཁྲི་ཚོ་མང་པོ་དྲངས་ཏེ། རྒྱའི་ཡུལ་མཁར་རྣམས་བཅོམ་པའི་མོད་ལ་བོད་ཀྱི་མཆོད་གནས་རྣམས་ཀྱིས་བར་བྱས་ནས་དབོན་ཞང་སོ་སོ་ནས་དབུ་སྙུང་མཛད་པའི་ཆད་མོལ་གྱི་ཡི་གེ་ལྷ་སའི་རྡོ་རིང་རྒྱ་དང་བོད་ཀྱི་མཚམས་ནའང་ཡོད
ལ་ཡོད། དེ་ལྟར་རྒྱལ་