R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 27
[A:27]ཐང་འཆུགས་པ་གཞན་ཡང་མང་ངོ་། །དཔེ་ཁ་ཅིག་
ཀཾ་ཀཾ་སྤྱན་སྔའི་ཆོས་འབྱུང་སོགས
ཏུ་སྲས་ཀྱིས་རྒྱལ་སྲིད་ལོ་བདུན་དང་ཟླ་བ་དགུ་བཟུང་བར་བཤད་ལ། འདི་ཉིད་དག་པར་མངོན་ཏེ། རྒྱལ་པོ་འདིས་བོད་ལ་ལྟོགས་ཕྱུག་ལན་གསུམ་དུ་མཉམ་པར་གསུང་བའི་ཆོས་འབྱུང་གཉིས་ཀྱི་ལོ་གྲངས་བཞིན་བྱས་ན་ལན་གསུམ་མཉམ་ལོང་མེད་དོ། །འདིས་ཡབ་མེས་ཀྱི་སྲོལ་བཞིན་བསྟན་པ་ལ་གུས་པར་མཛད་ཅིང་། བསམ་ཡས་སུ་སྡེ་སྣོད་གསུམ་གྱི་མཆོད་པ་བཙུགས་པའི་མདོ་སྡེ་ནི་དེང་སང་ཡང་མ་ནུབ། དགུང་ལོ་ཉེར་གསུམ་པ་ལ་ཡུམ་ཚེ་སྤང་བཟས་
བཙུན་མོ་ཕང་འོང་བཟས་ལ་ཕྲག་དོག་བྱས
གསོལ་ངག་ཞུས་ཏེ་འདས། དེ་ནས་སྲས་འབྲིང་པོ་[B:29]མུ་ཏིག་བཙན་པོ་ལ་རྒྱལ་སྲིད་གཏད་འོས་ཀྱང་སྣ་ནམ་པས་རྟ་བསྐྲགས་ནས་བཀྲོངས། ཆུང་བ་ཁྲི་ལྡེ་སྲོང་བཙན་སྐུ་ནར་མ་སོན་པར་རྒྱལ་སར་བཏོན་པ་སད་ན་ལེགས་འཇིང་ཡོན་ཞེས་གྲགས། རྒྱལ་ཁམས་ལ་དབང་བསྒྱུར་ཏེ་དགེ་བཅུའི་ཁྲིམས་བཅས་ཤིང་། ཡབ་མེས་ཀྱིས་བཞེངས་པའི་གཙུག་ལག་ཁང་རྣམས་ལ་མཆོད་པ་རྒྱ་ཆེན་པོ་འབུལ་བ་དང་། ལོ་པཎ་མང་པོས་སྔོན་མེད་པའི་མདོ་དང་སྒྲ་བསྒྱུར་བའི་ཞབས་ཏོག་མཛད་། རྒྱལ་སྡེ་དཀར་ཆུང་གི་གཙུག་ལག་ཁང་ཡང་བརྩིགས་པར་གྲགས། འདི་དང་མུ་ནེ་བཙན་པོའི་དུས་སུ་ཡང་རྒྱ་དང་དམག་འདྲེན་རེས་བྱུང་བ་དེབ་ཐེར་ནས་འབྱུང་ངོ་། །རྒྱལ་པོ་དེ་ལ་སྲས་གཙང་མ། དར་མ། རལ་པ་ཅན། ལྷ་རྗེ། ལྷུན་[B:29a]གྲུབ་སྟེ་ལྔ། བུ་སྟོན་ཆོས་འབྱུང་དུ་ལྷ་རྗེ་ལྷུན་གྲུབ་གཉིས་གཅིག་ཏུ་མཛད་པ་དང་། མེ་ལོང་མར་སད་ན་ལེགས་ཀྱི་སྲས་ལྡེང་ཁྲི་དང་། དེ་ལ་སྲས་ལྔ་བྱུང་བར་བཤད་པ་ནི་མ་དག་ཅིང་། མེས་སྲོང་བཙན་གྱིས་ལུང་བསྟན་མཛད་པར། ཁྲི་