[A:29]པོ་ཆོས་ལ་ཤིན་ཏུ་དགྱེས་པ་སྡིག་བློན་རྣམས་ཀྱིས་མ་ཐེག་ནས་ཆོས་ཁྲིམས་བཤིག་པར་གྲོས་བསྡུར་བ་ན་རྒྱལ་པོ་མ་བཀྲོངས་ན་ཆོས་ཁྲིམས་འཇིག་མི་ཐུབ་པ་ལ་ཁ་འཆམ། ལ་ལ་ན་རེ། རྒྱལ་པོ་བཀྲོངས་ཀྱང་ལྷ་སྲས་གཙང་མ་དང་བློན་ཆེན་པོ་གཉིས་ཆོས་ལ་དགའ་ཆེ་བས་འཇིག་མི་ཐུབ་ཟེར་བ་བཞིན་ཐོག་མར་ལྷ་སྲས་སྤ་གྲོ་མོན་ལ་བཅུགས སྤྱུགས །[B:31]ཆོས་བློན་ཆེན་པོ་བཙུན་མོ་དང་ལྷན་ཅིག་ཏུ་འདུས་སོ་ཞེས་ཕྲ་མ་བྱས་ནས་ཉེས་མེད་ལ་བཀྲོངས་ཤིང་།
བཙུན་མོའང་དེའི་མོད་ལ་ལྕེབས། དེ་རྗེས་རྒྱལ་པོ་དགུང་ལོ་སོ་དྲུག་པ་ལྕགས་བྱའི་ལོར་སྦས་སྟག་སྣ་ཅན་དང་། ཅོ་རོ་ལྷ་ལོང་གཉིས་ཀྱིས་ཞལ་ལྟག་པར་བསྐོར་ནས་བཀྲོངས།
ཕོ་བྲང་ཉམ་པར
དེ་ནས་བཟུང་སྟེ་བོད་ཁམས་ཀྱི་བསོད་ནམས་ནི་སྣུམ་ཟད་ཀྱི་མར་མེ་བཞིན་ཟད། དགེ་བ་བཅུའི་རྒྱལ་ཁྲིམས་ནི་སོག་རུལ་གྱི་ཕོན་ཐག་བཞིན་ཞིག་ནག་ཕྱོགས་ཀྱི་སྤྱོད་པ་ནི་ཡུལ་ངན་གྱི་རླུང་འཚུབ་བཞིན་ལངས་ནས་ལོ་པཎ་དང་མཆོད་གནས་རྣམས་ལ་ཞབས་ཏོག་མེད་པར་སོ་སོའི་ཡུལ་ལ་བཞུགས་པར་གྱུར་ཏོ། །
ལྕགས་བྱ་འདི་ལ་སྡིག་བློན་རྣམས་ཀྱི་འདོད་པ་བཞིན་གཅེན་ཁྲི་དར་མ་འུ་དུམ་བཙན་ལོ་[B:31a]སོ་དགུ་པ་ཞིག་རྒྱལ་སར་བཏོན་ལོ་ལྔ་སྲིད་བཟུང་
ནས་ཐེའུ་རང་དབས་རྒྱལ་ཏོ་རེ་ནང་བློན་དུ་བསྐོས། མེ་ལོང་མར་དར་མ་ས་མོ་གླང་ལ་འཁྲུངས་པར་གསུངས་པས་རལ་པ་ཅན་གྱི་གཅུང་དུ་མཛད་དེ། ཆོས་འབྱུང་གཞན་དུ་ཡང་ལུགས་འདི་བཞིན་བྱེད་པ་ཡོད། དེ་ནས་བཙན་པོའི་ཐུགས་ལ་གདོན་གསོལ་ལས་ངན་མངོན་དུ་གྱུར
ཐབས་དུ་མའི་སྒོ་ནས་བསྟན་པའི་རྩ་བ་སོ་སོ་ཐར་པའི་རྟེན་རབ་ཏུ་བྱུང་བའི་རྟགས་ཙམ་ཡང་མེད་པར་བྱས་ཏེ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རྨང་ནས་བསྣུབས། འདི་