[A:30]ནས་བཟུང་སྟེ་སྐྱེ་འགྲོ་རྣམས་ཀྱིས་བཙན་པོ་ལ་གླང་ཞེས་དུད་འགྲོའི་མིང་ནས་འབོད་པ་སྟེ་འོས་པ་ཉིད་དོ། །མཁན་པོ་དང་ཁྲི་སྲོང་ལྡེའུ་བཙན་མཆོད་ཡོན་གྱིས་ཤིང་ལུག་ལ་རབ་བྱུང་གི་བསྟན་པ་བཙུགས་པ་ནས། བསྟན་[B:32]པ་བསྣུབས་པའི་ལྕགས་བྱ་འདི་ཡན་ལ་ལོ་བརྒྱད་ཅུ་རྩ་བདུན་ཐལ། བུ་སྟོན་ཆོས་འབྱུང་དུ་ཆུ་ལུག་ལ་རབ་བྱུང་གི་བསྟན་པ་བཙུགས་པར་བཤད་པ་ནི་བསམ་ཡས་ཀྱི་རྨང་མེ་ཡོས་ལ་བཏིང་
དཔེ་མ་དག
ཞེས་དབང་ཐང་འཆུགས་པའི་ཤུགས་ལས་ཡིན། དུས་དེར་ཡང་ཇོ་བོ་རྣམ་གཉིས་རང་རང་གི་ཁྲིའི་འོག་ཏུ་སྦ་དགོས་པ་མ་གཏོགས་ལྷ་ས་དང་བསམ་ཡས་ལ་སོགས་པའི་ལྷ་ཁང་ཆེ་བ་རྣམས་འཇིག་མི་ཐུབ། དེ་བཞིན་དུ་སྔར་འགྱུར་གྱི་བཀའ་བསྟན་བཅོས་ཕལ་ཆེར་མ་ནུབ་ཅིང་ཁྱིམ་པ་རྣམས་ཀྱིས་གུས་པར་བྱས་པ་དང་། གྲོང་དང་རི་སུལ་དུ་སྔགས་པ་རྟེན་སྐྱ་བོར་གྱུར་པ་རྣམས་ཀྱི་ནང་ཏིང་འཛིན་ཟབ་མོའི་ཉམས་ལེན་ཀྱང་རྒྱུན་ཆགས་པ་སྟེ། ཕྱིས་སུ་སངས་རྒྱས་ཀྱི་བསྟན་པ་འབྱུང་བའི་འཕྲུལ་ལོ། །དུས་[B:32a]དེར་ལྷ་ལུང་ད་པལ་གྱི་རྡོ་རྗེ་ཡེར་པར་བཞུགས་པ། རྒྱལ་པོ་སྡིག་ཅན་གྱི་གཏམ་གསན་པས་སྙིང་རྗེ་ཁྱད་པར་ཅན་འཁྲུངས་ཤིང་། མ་གཅིག་དཔལ་ལྷའི་གསུང་གིས་ཀྱང་བསྐུལ་བ་ལས་ཆས་བསྒྱུར་ནས་ལྷ་སར་བྱོན་ཏེ། རྒྱལ་པོའི་དཔྲལ་བར་ལྕགས་མདའ་བསྣུན་ནས་བཀྲོངས།ཤིང་གླང་
རྒྱལ་པོ་སྡིག་ཅན་གསོད་ན་འདི་བཞིན་བྱེད་པ་ཡིན་ཞེས་གསུངས་སྐད། བྱང་ཆུབ་སེམས་དཔའ་དཔའ་བོ་སྟོབས་ལྡན་གྱི་མཛད་པ་སྟེ། དེད་དཔོན་སྙིང་རྗེ་ཆེན་པོས་མི་ནག་མདུང་ཐུང་ཅན་བསད་པ་བཞིན་ནོ། །མཛད་པ་ཁམ་ཆེས་པའི་དོན་གྱིས་བཞུགས་མ་ནུས་པ་མདོ་ཁམས་སུ་བྱོན་པར་སྣང་། འདི་ཡང་རྒྱལ་པོ་