[A:31]བཀའ་ཆེམས་ལས།
དེ་ནས་བདུད་ཀྱི་སྤྲུལ་པ་སྟེ། །
རྒྱལ་པོ་དུད་འགྲོའི་མིང་ཅན་བྱུང་། །
དེ་ཡི་ཐུགས་ལ་[B:33]གདོན་སོལ་ནས། །
ལྷ་ཁང་དགྱེལ་ཞིང་དམ་ཆོས་བསྣུབས། །
སྡེ་སྣོད་འཛིན་པའི་སྲོག་ཀྱང་བཅད། །
ཆོས་མཛད་ཐམས་ཅད་གསོད་ཅིང་འཇོམས། ༑
གླེགས་བམ་ཐམས་ཅད་མེ་ལ་བསྲེགས། །
བླ་མ་སློབ་དཔོན་བྲན་དུ་བཀོལ། །
རབ་བྱུང་བཙུན་པ་ཆོས་དང་འབྲལ། །
དགེ་འདུན་རྣམས་ལ་བཤན་པ་བཅོལ། །
སངས་རྒྱས་ན་བཟའ་ཆུ་ལ་བསྐྱུར། །
རྟེན་གསུམ་མཆོད་ཆ་རྡོ་ཡིས་བརྡུངས། །
ཆོས་ཀྱི་མིང་ཡང་མེད་པར་བྱེད། །
དེ་ནས་ཡེར་པའི་བྲག་ཁུང་ན། །
ཕྱག་ན་རྡོ་རྗེའི་སྤྲུལ་པ་སྟེ། །
དཔལ་ཞེས་བྱ་བའི་དགེ་སློང་གིས། །
སྡིག་ཅན་རྒྱལ་པོ་སྒྲོལ་བར་འགྱུར། །
དེ་ནས་ལོ་སྐོར་འགའ་ཡི་བར་
ལོ་སྐོར་དྲུག་དང་ལོ་རྐྱང་ལྔ
སངས་རྒྱས་བསྟན་པ་མེད་པར་འགྱུར། །
ཨེ་མ་སེམས་ཅན་སྙིང་རེ་རྗེ། །
ཞེས་ལུང་བསྟན།[B:33a] དེའི་