[A:33]རིག་པ་ལོངས་སྤྱོད་ལྡན་ཞེས་བྱ། །
མི་ཡི་བདག་པོས་དེ་ཡང་བསྒྲུབ། །
ལོ་ནི་བརྒྱད་ཅུར་རྒྱལ་སྲིད་བྱེད། །
དེས་ནི་རྐུན་མ་རྣམ་པར་སྤངས། །
རྒྱལ་པོ་དེས་ནི་སྲོག་སྤངས་ནས། །
དེར་ཡང་སྔགས་ནི་མྱུར་གྲུབ་སྟེ། །
ཞི་དང་རྒྱས་པ་སྲིད་བྱེད་པའོ། །
འཇིག་རྟེན་སྒྲོལ་མ་ཞེས་གྲགས་དང་། །
ལྷ་མོ་གོས་དཀར་མོ་དང་ནི། །
དཀར་མོ་ཆེན་མོ་གཞན་ཕན་བཙན། །
རྟག་ཏུ་ཡིད་ནི་མི་སྐྱོ་བའོ། །
དེ་བཞིན་རྒྱལ་པོ་མང་པོ་ནི། །
རྣམ་པ་དུ་མ་མང་པོ་དག །
ཁ་དོག་སྣ་ཚོགས་[B:34a]སྣ་ཚོགས་གཟུགས།
ཁ་བ་ཅན་གནས་ཀླ་ཀློའི་རྒྱལ། །
དེ་ཡང་སྟོན་པ་མཆོད་བྱེད་པའོ། །
ཁྱུ་མཆོག་ཁྱུ་མཆོག་བཟང་པོ་དང་། །
ས་འོད་དེ་བཞིན་ས་འོད་བཟང་། །
དེ་བཞིན་ཕ་རོལ་གནོན་ཉིད་ད་དང་། །
རྐང་པའི་འགྲོས་ཤེས་བརྟན་པ་ཡི། །
ས་བསྲུངས་དང་ནི་བེའུ་དང་། །