[A:34]འོད་ལྡན་ཉིད་ནི་ཕྱི་མ་ཡིན། །
ཐ་མར་འཆར་རྒྱལ་ངང་ཚུལ་ཏེ། །
ཀླ་ཀློ་རྣམ་པ་རྣ་ཚོགས་ཡིན། །
དེ་འོག་ལུགས་ནི་རྣམ་གཞིག་ཅིང་། །
ཕྱི་རོལ་ལུགས་ནི་རྣམ་གཞིག་ཅིང་། །
ཕྱི་རོལ་སྐྱེ་དགུ་ཉེ་བར་སྤྱོད། །
ཅེས་ལུང་བསྟན་པ་ཡིན་ཏེ།
བྱང་གི་ཕྱོགས་དང་ཁ་བ་ཅན་ནི་གྲགས་ཆེ་ཞིང་། ལྷ་ལྡན་ནི་ལྷ་སའོ། །
ལོ་བརྒྱད་ཅུར་རྒྱལ་སྲིད་བྱེད་པ་ནི་ལོ་བརྒྱད་ཅུ་རྩ་གཉིས་བཞུགས་ཤིང་།
བར་དུ་མང་སྲོང་མང་བཙན་གྱིས་ཀྱང་རྒྱལ་སྲིད་ཅུང་ཟད་མཛད་པའོ། །
སྒྲོལ་མ་དང་། གོས་དཀར་མོ་དང་། དཀར་མོ་ཆེན་མོ་ནི་བཙུན་མོའི་མཆོག་གསུམ་སྟེ་ཀོང་ཇོ་དང་། བལ་མོ་བཟའ་དང་། འབྲི་བཟའ་ཐོད་དཀར་རོ། །ལི་ཙ་བྱིའི་རིགས་སུ་བྱུང་བ་ནི་ཡངས་[B:35]པ་ཅན་པའི་རྒྱུད་ཡིན་པ་སྟེ། མེ་ལོང་མར་ཤཱཀྱ་རི་བྲག་པའི་རྒྱུད་དུ་མཛད་པ་ལ་ཅོ་འདྲི་བའོ། །
ཀླ་ཀློའི་རྒྱལ་ནི་ནུབ་ཕྱོགས་ཏ་ཟིག་གི་ཡུལ་ལ་ཡང་དབང་བྱེད་པའོ། །དེ་བཞིན་དུ་རྒྱལ་པོ་མང་པོ་ནི་འོག་ནས་འབྱུང་བ་རྣམས་ཏེ། །ཁྱུ་མཆོག་ནི་གུང་སྲོང་ངོ་། །ཁྱུ་མཆོག་བཟང་ནི་འདུས་སྲོང་རྣམ་འཕྲུལ་ལོ། །ས་འོད་ནི་མེས་ཨག་ཚོམ་མོ། །ས་འོད་བཟང་ནི་ཁྲི་སྲོང་ལྡེའུ་བཙན་ནོ། །ཕ་རོལ་གནོན་ནི་མུ་ནེ་བཙན་པོའོ། །རྐང་པའི་འགྲོས་ནི་སད་ན་ལེགས་སོ། །
ས་བསྲུངས་ནི་རལ་པ་ཅན་ནོ། །བེའུ་ནི་གླང་དར་མའོ། །འོད་ལྡན་ནི་འོད་བསྲུངས་སོ། །ཐང་མར་འཆར་རྒྱལ་ངང་ཚུལ་ནི་ཉི་མ་ཤར་བའི་ཕྱོགས་ནས་བོད་ལ་དབང་བྱེད་པའི་ཧོར་རྒྱལ་པོ་སྟེ། ཀླ་ཀློ་རྣམ་པ་སྣ་ཚོགས་