[A:37]རབས་དེབ་ཐེར་ཆེན་མོ་མཛད། ཇོ་???བྱུལ་གྱི་སྲས་ཇོ་འབར། དེ་ལ་གཉིས་བྱུང་བའི་ཆེ་བ་ལྷ་ཟུར་ཁང་པ། འདིས་ཀྱང་འཆད་སྤྱིལ་གྱི་གདན་ས་མཛད་། ཆུང་བ་རོང་ཁྲོམ་པོ་རྣམས་ཀྱི་དཔོན་དུ་སྤྱན་དྲངས། ལྷ་ཁྲོམ་པོ་བར་གྲགས་ཏེ་དེའི་གདུང་རིགས་ད་ལྟ་ལྷོ་རྒྱུད་བྱར་དང་། ས་སྨད་སྤྱང་རྩིགས་ན་ཡོད་།
རི་མགོ་བ
དཔལ་འཁོར་བཙན་གྱི་སྲས་གཉིས་པ་ཉི་མ་མགོན་གྱིས་མངའ་རིས་སུ་བྱོན་ནས། སྤུ་ཧྲང་གི་ས་ཆར་སྐུ་མཁར་ཉི་བཟུང་བརྩིགས་ཏེ་ཆབ་སྲིད་བསྐྱངས། དེ་ལ་སྲས་རིག་པ་མགོན། བཀྲ་ཤིས་མགོན། ལྡེ་གཙུག་མགོན་ཏེ་གསུམ་བྱུང་བར་སྟོད་ཀྱི་མགོན་གསུམ་ཟེར།
དང་པོས་མང་[B:38]ལུལ། གཉིས་པས་སྤུ་ཧྲང་། གསུམ་པས་ཞང་ཞུང་བཟུང་། ཕྱི་མ་ལྡེ་གཙུག་མགོན་འདི་ལ་སྲས་འཁོར་རེ་དང་སྲོང་ངེ་གཉིས།
སྲོང་ངེའི་སྐུ་ཚེའི་སྟོད་ལ་ནཱ་ག་རཱ་ཛྭ་དང་། དེ་ཝ་རྭ་ཛྭ་སྲས་གཉིས་བྱུང་སྨད་ལ་རབ་ཏུ་བྱུང་བ་ལྷ་བླ་མ་ཡེ་ཤེས་འོད་ཅེས་གྲགས་ཏེ། མཐོན་ལྡིང་གི་ལྷ་ཁང་བཞེངས་པ་དང་། ཁྱེའུ་བློ་རྣོ་བ་ཉི་ཤུ་རྩ་གཅིག་རྒྱ་གར་དུ་ཆོས་སློབ་པ་ལ་རྫོང་བ་མཛད་ཅིང་པཎྜི་ཏ་ཝརྨ་རྣམ་གསུམ་སྤྱན་དྲངས་ཏེ།
མདོ་སྔགས་ཀྱི་གསུང་རབ་མང་དུ་བསྒྱུར། ཕྱིས་ཇོ་བོ་སྤྱན་འདྲེན་པའི་དོན་དུ་གསེར་འཚོལ་བར་བྱོན་པས་གར་ལོག་གི་རྒྱལ་པོས་བཟུང་། མངའ་རིས་ནས་གསེར་མང་པོས་བླུ་བར་བརྩམས་ནའང་ཇོ་བོ་གདན་འདྲེན་ལ་གནོད་དྭོགས་ནས་བླུར་མ་བཅུག་པར་ཆོས་ཕྱིར་སྐུ་སྲོག་བཏང་བ་ཡིན་འདུག
འདིའི་དུས་སུ་ལོ་ཆེན་རིན་བཟང་དགུང་ལོ་བཅུ་གསུམ་པ་ཞིག་[B:38a]ལྕགས་རྟ་ཁྲི་བྲང་ཛྙ་ནའི་ཡིག་ཚང་ལས་བཤད
ལ་རབ་ཏུ་བྱུང་། བུ་སྟོན་ཆོས་འབྱུང་དུ་ནི་འཁོར་རེ་རབ་ཏུ་བྱུང་བའི་མཚན་ཡེ་ཤེས་འོད་དུའང་མཛད།