[A:36]པོ་རྣམས་སོ། །གཅུང་པོ་སྤུན་དྲུག་ནི་ལྷ་བཅད་དང་གཡུ་ཅན་གཉིས།[B:36a]
ད་ར་དང་ལྷུན་པོ་གཉིས། འོད་བཙན་དང་གུང་བཙན་གཉིས་ཏེ་དྲུག་གོ། །
ཕྱི་མ་གཉིས་ཀྱི་རྒྱུད་པ་ནི་ཁྲ་འབྲུག བྱིང་། བྱར། ཆུ་མིག་གོག་པོ་ན་ཡོད་པའི་ལྷ་ནམས་སོ། །གཡུ་ཅན་གྱིས་བྱ་ས་བཟུང་། དེའི་སྲས་ཇོ་དགའ། དེ་ལ་སྲས་གསུམ་ཡོད་པའི་ཆེ་བ་བྱ་ས་ལྷ་ཆེན་དུ་གྲགས་པ་སྟེ་འདིས་བྱ་སའི་ལྷ་ཁང་བཞེངས། སྲས་གཉིས་པ་ཁྲི་དར་མ་ལ་གཙུག་ལྡེ། ཁྲི་གཙུག ཇོ་བོ་རྣལ་འབྱོར། ཇོ་བོ་སྨོན་ལམ་དང་སྲས་བཞི་བྱུང་། ཇོ་བོ་རྣལ་འབྱོར་གྱིས་འབན་ཚིགས་བཟུང་ཞིང་། སྨོན་ལམ་གྱིས་སྤུ་གུ་རྡོའི་གཟིམ་ཁང་དཀར་པོ་བརྩིགས་ཏེ་བཞུགས། ཁྲི་གཙུག་གིས་བྱ་ས་དང་དཔེ་སྔོན་བཟུང་ཞིང་། དེ་ནས་རྒྱུད་པ་ཡར་མདའ་བའི་ལྷ་རྣམས་[B:37]ཡིན། ཇོ་བོ་རྣལ་འབྱོར་ལ་ཇོ་འབག ལྷ་ཆེན། ལྷ་ངམ་ཤོད་པ་སྟེ་སྲས་གསུམ་བྱུང་།
གཉིས་པས་འཆད་སྤྱིལ་གྱི་གདན་ས་མཛད་དེ་ལྷ་ལུང་གི་དབང་ཕྱུག་ཅེས་གྲགས། ཇོ་འབག་ལ། ཇོ་བོ་ཤཱཀྱ་མགོན། ལྷ་འགྲོ་མགོན། ལྡེ་པོ་ལྡེ་ཆུང་། ཇོ་རྒྱལ་ཏེ་སྲས་ལྔ་བྱུང་། །ཉིས་པས་འཆད་སྤྱིལ་གྱི་གདན་ས་མཛད་པ་གཞན་དོན་འཕྲིན་ལས་ཆེ། དང་པོས་གཅུང་རྣམས་ཐ་དད་དུ་ཕོག་ནས་ཕོ་བྲང་གནས་ཆུང་བཏབ། དེའི་སྲས་ཇོ་བོ་ཤཱཀྱ་བཀྲ་ཤིས་ཀྱིས་ཕོ་བྲང་རྙིང་མ་བརྩིགས།
ཆོས་རྒྱལ་ཕོ་བྲང་ལ་ཟེར།
དེ་ལ་ལྷ་བྲག་ཁ་བ་དང་། མངའ་བདག་གྲགས་པ་རིན་ཆེན་ཏེ་སྲས་གཉིས་བྱུང་བ་མངའ་ཐང་དཔལ་འབྱོར་ཤིན་ཏུ་ཆེ། ཕྱི་མ་དེ་ལ་སྲས་གསུམ་འཁྲུངས་པའི་ཆེ་བ་བློ་གྲོས་འོད་སྡེ་འདིས་ཀྱང་འཆད་[B:37a]སྤྱིལ་གྱི་གདན་ས་མཛད། ཆུང་བ་ལྷ་བཙུན་ཚུལ་ཁྲིམས་བཟང་པོ་སྟེ། གདན་ས་ཐེལ་དུ་རབ་ཏུ་བྱུང་ཞིང་རྒྱལ་