R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 38
[A:38]གཅེན་ཆེན་པོ་འ་ཁོར་རེའི་སྲས་ལྷ་ལྡེ། དེ་ལ་འོད་ལྡེ། ཞི་བ་འོད། བྱང་ཆུབ་འོད་དང་སྲས་གསུམ་བྱུང་སྟེ། ཕྱི་མ་འདིའི་དུས་སུ་ཇོ་བོ་སྤྱན་དྲངས་པས་མེས་དབོན་དེ་དག་བོད་ལ་བཀའ་དྲིན་ཤིན་ཏུ་ཆེ། འོད་ལྡེའི་སྲས་མངའ་བདག་རྩེ་ལྡེ་འདིས་མངའ་རིས་ཆོས་འཁོར་
རྔོག་ལོ་སོགས་མང་པོ་ཁ་ཆེར་བྱོན་པའི་ཞར་ལ་འདུས་འོད་ཟེར་མེ་འབྲུག་གོ
ཆེན་མོར་གྲགས་པ་མཛད། དེའི་སྲས་འབར་ལྡེ། དེའི་སྲས་བཀྲ་ཤིས་ལྡེ། དེ་ནས་རིམ་པ་བཞིན་བྷ་ཨཱེ། ནཱ་ག་ལྡེ། བཙན་ཕྱུག་ལྡེ། ཡང་འགྲིས་ལྡེ། གྲགས་བཙན་ལྡེ། གྲགས་པ་ལྡེ། ཨ་སོག་ལྡེ། ཨ་བན་སྨལ། རེའུ་སྨལ། འདིས་ལྷ་སར་ཇོ་བོ་རིན་པོ་ཆེའི་དབུ་ཐོག་ཏུ་གསེར་ཐོག་ཕུལ། དེ་ནས་རིམ་[B:39]པ་བཞིན་འཇི་དར་རྨལ། ཨ་འཇི་རྨལ། ཀལན་རྨལ། བརྟི་རྨལ། འདི་ནས་ཡ་ཚེའི་རྒྱལ་རྒྱུད་ཆད། སྤུ་ཧྲང་ནས་མངའ་བདག་བསོད་ནམས་ལྡེ་སྤྱན་དྲངས་ནས་རྒྱལ་ས་འཛིན་དུ་བཅུག དེའི་སྲས་སྲི་ཏི་རྨལ་གྱིས་ལྷ་སར་བཅུ་གཅིག་ཞལ་གྱི་དབུ་ཐོག་ཏུ་གསེར་ཐོག་ཕུལ། དེ་ནས་བཟུང་སྟེ་དེང་སང་གི་བར་དུ་ཡང་བསྟན་པ་སྟོབས་ཀྱིས་སྐྱོང་བའི་ཆོས་རྒྱལ་ཤ་སྟག་བྱོན། དེ་ཡང་མང་ཡུལ་ན་ཤེལ་
རིག་པ་མགོན་གྱི་རྒྱུད
དང་ནུབ་རང་རྒྱལ་པོ་གཉིས། གློ་བ་ལ་སྟག ཟངས་དཀར་གསུམ་གྱི་རྒྱལ་པོ་སྟེ་ལྔ་ཀ་ནང་དགེ་ལྡན་པ་ཁོ་ན་བླ་མཆོད་དུ་བཀུར་ཞིང་། མངའ་ཞབས་ཀྱི་ཆོས་སྡེ་རྣམས་ནའང་ཆོས་ལུགས་གན་འཛིན་མི་བྱེད་། གུ་གེའི་དཔལ་ལྷ་བཙན་པོ་ཡང་དགེ་ལྡན་པ་ཉག་ཅིག་མཆོད་ཡུལ་དུ་མཛད་ནས་ནོར་ཟོག་གིས་མཉེས་པར་བྱེད་ཅིང་། མངའ་ཞབས་ནས་ས་སྐྱ་པའི་ཆོས་[B:39a]སྡེ་
རྒྱ་གླིང་ཐང་དང་དང་བཞི་སྡེ་སོགས
ཡོད་པ་རྣམས་རང་བབས་སུ་འཇོག