[A:39]རྫོང་ཁ་བདག་པོ་ནི་ས་སྐྱ་པ་ལ་ཕྱོགས་མོས་ཀྱི་སྟེང་ནས་གཙོ་བོར་བོ་དོང་བ་ལ་ཞབས་ཏོག་བྱེད་ཅིང་། ཆོས་སྡེ་ན་དགེ་ལྡན་པའི་གྲྭ་ཚང་ཡོད་པའང་མཉམ་སྐྱོང་ལྟ་བུ་བྱེད། བློ་འོ་རྫོང་ཁ་བའི་དཔོན་ས་སྐྱ་འཕར་བའི་སྡེ་དཔོན་དུ་འདུག་ལ། དེ་འང་དཔོན་ཨམ་དཔལ་གྱི་རིང་སྔ་སོར་ཆོས་རྗེ་ཕྱོགས་ལས་པ་དང་། ཕྱིས་ངོར་པ་ཀུན་བཟང་པ་སྤྱན་དྲངས་པ་རྩ་བའི་བླ་མར་ཁུར་ཏེ། མངའ་ཞབས་ཀྱི་ཆོས་སྡེ་རྣམས་སྤྱིར་ས་སྐྱ་པ་དང་དགོས་ངོར་པ་ཡིན་ན་མིན་ན་བྱེད་དུ་བཅུག་སྟེ། དགེ་ལྡན་པ་ལ་སྡང་ཟུར་རེ་ཙམ་ཡང་སྟོན། དེ་རྗེས་དཔོན་བཀྲ་ཤིས་མགོན་གྱི་རིང་ཡང་ཆོས་ལུགས་སྔར་བཞིན་དུ་དགེ་ལས་སྟོབས་ཆེ། མངའ་བདག་ཡུམ་བརྟན་ལ་སྲས་ཁྲི་ལྡེ་མགོན། དེའི་སྲས་མགོན་བསྟེན། དེ་ལ་སྲས་རིག་པ་མགོན་དང་ཉི་འོད་དཔལ་[B:40]མགོན་གཉིས་བྱུང་བའི་ཕྱི་མ་ནས་རྒྱུད་པ་རླུང་ཤོད་། འཕན་ཡུལ། མདོ་ཁམས་རྣམས་མུ་མཆེད། རིག་པ་མགོན་ལ་སྲས་ལྡེ་པོད་དང་རྡོ་རྗེ་འབར་གཉིས་འཁྲུངས་པའི་སྔ་མ་ནས་རྒྱུད་པ་ཡར་སྟོད་ཕུག་པ་ཅན་དང་། ཐང་ལྷ་བྲག་པ་རྣམས་ཡིན་ལ། དང་པོའི་རྒྱུད་པ་དེང་སང་གི་སྡེ་པ་བསམ་བདེ་བར་གྲགས་པ་འདིའོ། །དོ་རྗེ་འབར་གྱི་སྲས་དབང་ཕྱུག་བཙན། དེའི་སྲས་ཚ་ན་ཡེ་ཤེས་རྒྱལ་མཚན། དེའི་སྲས་མངའ་བདག་ཁྲི་པ། དེ་ལ་ཨ་ཙུརྱ། ལྷ་དགེ་སློང་། ལྷ་བཙུན་བྷོདྷ་རཱཛྭ་
ཇོ་བོ་བསམ་ཡས་སུ་བྱོན་པ་འདིའི་དུས
དང་གསུམ་འཁྲུངས་པའི་དང་པོའི་རྒྱུད་པ་འཕྲང་པོ་བ།
གྲིབ་པ། སྙེ་ཐང་པ། ལུམ་པ་རྩད་པོ་རྣམས་ཡིན། བར་པ་ནས་རྒྱུད་པ་འོན་དུ་བྱུང་། ཕྱི་མ་ནས་རྒྱུད་པ་བསམ་ཡས་ལྷ་བཙུན་སྔོན་མོར་གྲགས་པ་དང་། ལྷ་འབྲི་སྒང་པ་གཉིས། དང་པོའི་མེས་དབོན་ལྷ་བཙུན་ཞི་