[A:3]ཁྲི་བཞི་སྟོང་རྩྭ་ཅན། དེ་ནས་འབུམ་ཝཱ་རཱ་ཎ་སཱིར། དེ་ནས་འབུམ་ཡུལ་དམག་གིས་མི་ཚུགས་པར། དེ་ནས་འབུམ་ཕྲག་གཅིག་དང་བརྒྱད་ཁྲི་བརྒྱད་སྟོང་ཡུལ་མི་ཐི་ལར། དེ་ནས་མིང་སྨོས་པ་ཞེ་དགུ། དེ་ནས་བདུན་ཁྲི་བདུན་སྟོང་གྲོང་ཁྱེར་ཀུན་སྣང་དུ། དེ་ནས་བརྒྱ་ཐམ་པ་ཡུལ་ཝཱ་རཱ་ཎ་སཱིར་བྱུང་བའི་ཐ་མ་རྒྱལ་པོ་ཀྲི་ཀྲི། དེའི་བུ་ལེགས་སྐྱེས། ཡབ་སྲས་འདི་གཉིས་ཀྱི་རིང་ལ་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན། དེ་ནས་བརྒྱ་ཐམ་པ་ཡུལ་གྲུ་འཛིན་དུ་བྱུང་བའི་ཐ་མ་རྒྱལ་པོ་རྣ་བ་ཅན། དེ་ལ་བུ་གཽ་ཏ་མ་དང་། བ་ར་དྷྭ་ཛཱ་གཉིས་བྱུང་བའི་དང་[B:3a]པོ་རབ་ཏུ་བྱུང་ཞིང་། ཕྱི་མ་རྒྱལ་སར་བཏོན་པ་བུ་མེད་པར་འདས། སྔ་མའི་ཁུ་བ་ཁྲག་དང་འདྲེས་པའི་གོང་བུ་ལས་ཁྱེའུ་གཉིས་པ་བུར་ཤིང་གི་གསེབ་ཏུ་བཞག་པས་བུ་རམ་ཤིང་པ་དང་། ཉི་མའི་གཉེན་ཞེས་ཟེར། ཕུའོ་རྒྱལ་སར་བཏོན་པ་བུ་མེད་པར་འདས་ནས། ནུའོ་རྒྱལ་སར་བསྐོས་པ་བུ་རམ་ཤིང་པ་ཞེས་གྲགས། དེའི་རྒྱུད་ལ་རྒྱལ་པོ་བརྒྱ་ཐམ་པ་ཡུལ་གྲུ་འཛིན་དུ་བྱུང་བའི་ཐ་མ་བུ་རམ་ཤིང་པ་འཕགས་སྐྱེས་པོ། དེ་ལ་བུ་སྐར་མདའ་གདོང་།
ལག་སྣ། གླང་པོ་འདུལ། རྐང་གདུབ་ཅན་ཏེ་བཞི་བྱུང་། ཡུམ་བཙུན་མོ་འདས་ནས་རྒྱལ་པོ་གཞན་ཞིག་གི་སྲས་མོ་ཁབ་ཏུ་བཞེས་པ་ལ་སྲས་གཅིག་འཁྲུངས་པ་རྒྱལ་སར་བཏོན་ཏེ་མིང་རྒྱལ་སྲིད་དགའ་ཞེས་བཏགས། ཕུའོ་བཞི་སྲིང་མོ་དང་བཅས་པ་ཆུ་བོ?པོ་སྐལ་ལྡན་ཤིང་རྟའི་འགྲམ་དུ་[B:4]བཅུག་པ།
མིང་སྲིང་རྣམས་ལྷན་ཅིག་ཏུ་འདུས་ནས་བུ་མང་དུ་བྱུང་བ་ལ་ཤཱཀྱ་ཞེས་ཟེར།
རྒྱལ་སྲིད་དགའ་བུ་མེད་པར་འདས་ནས། སྤྱུགས་པའི་སྲས་བཞི་རིམ་གྱིས་རྒྱལ་སར་བཏོན་པ་སྔ་མ་གསུམ་ལ་བུ་མེད་། རྐང་གདུབ་ཅན་གྱི་བུ་གནས་