[A:40]བ་འོད་སྟེ་
ཁ་ཆེ་[B:40a]པཎ་ཆེན་བསམ་ཡས་སུ་བྱོན་པ་འདིའི་དུས
འདི་དང་སྔགས་པ་གྲུ་ཤ་གཉིས་ཀྱིས་རྗེ་སྤྱན་སྔ་ལ་ལྟོ་ཨེ་འགྱུར་ལྟས་ཞེས་གྲགས། དེ་ནས་རྒྱུད་པ་དེང་སང་གི་སྡེ་པ་བུ་ཚལ་བ་དང་ལྷ་གླིང་དཀར་བའོ། །ཚ་རོང་རྩད་པོར་གྲགས་པའང་འདི་རྣམས་དང་གདུང་རུས་གཅིག་ཅིང་། དེ་ནས་རྒྱུད་པ་དེང་སང་གི་སྡེ་པ་ལྷ་རྒྱ་རི་བའོ། །ཇི་སྐད་གོང་དུ་བརྗོད་པ་རྣམས་ཀྱི་ནང་ནས་བསམ་ཡས་རྩད་པོ་ཚ་ན་ཡེ་ཤེས་རྒྱལ་མཚན་དང་།
མངའ་བདག་ཁྲི་པ་ཡབ་སྲས་གཉིས་ནི་བསྟན་པ་ཕྱི་དར་ལ་བཀའ་དྲིན་ཆེ་བར་སེམས། དེའི་ཚུལ་ཡང་རྒྱལ་པོ་སྡིག་ཅན་གྱིས་བསྟན་པ་བསྣུབས་པའི་དུས་སུ་གཙང་རབ་གསལ་འཇད་པ
གཡོ་དགེ་འབྱུང་བོ་དོང་པ
དམར་ཤཱཀྱ།སྟོད་ལུང་པ
མུ་ནེ་དང་གསུམ་ཆུ་བོ་རི?དྷི་ནས་མདོ་སྨད་དུ་བྱོན་ཏེ། དན་ཏིག་ཤེལ་གྱི་ཡང་དགོན་དུ་བཞུགས་པ་[B:41]ལ། མུ་བཟུ་གསལ་འབར་བྱ་བས་རབ་བྱུང་དགེ་ཚུལ་ཞུས་ནས་མིང་དགེ་བ་རབ་གསལ་དུ་བཏགས། ཕྱིས་ཐུགས་རབ་ཆེ་བས་དགོངས་པ་རབ་གསལ་ཞེས་གྲགས།
སླར་ཧྭ་ཤང་ཀེ་བང་དང་གྱི་བན་བྱ་བ་ལས་ཀྱི་ཁ་སྐོང་དུ་སྩལ་ཏེ་བསྙེན་རྫོགས་ཀྱི་སྡོམ་པ་མནོས། མེ་ལོང་མར་བླ་ཆེན་དགོངས་པ་རབ་གསལ་དབུ་སྟོད་ཕྱོགས་སུ་འཁྲུངས་ནས་ཁམས་སུ་སྡོམ་པ་ལེན་པར་བྱོན་པར་བཤད་པ་ནི་ཤིན་ཏུ་མ་དག་པ་སྟེ། རྒྱལ་རབས་གོག་པོས་ལྡན་རྩ་འཆག་ཅེས་པའང་འདི་འདྲའི་རིགས་སོ། །དེ་ནས་ལོ་ལྔ་ཙམ་ལོན་པ་ན་ཚ་ན་ཡེ་ཤེས
རྒྱལ་མཚན་གྱིས་བདག་རྐྱེན་མཛད་དེ། དབུས་ནས་ཀླུ་མེས་ཚུལ་ཁྲིམས་ཤེེས་རབ། འབྲིང་ཡེ་ཤེས་ཡོན་ཏན། རག་ཤི་ཚུལ་ཁྲིམས་འབྱུང་གནས། སྦ་ཚུལ་ཁྲིམས་བློ་གྲོས། སུམ་པ་ཡེ་ཤེས་བློ་གྲོས་དང་