[A:41]ལྔ། གཙང་ནས་[B:41a]ལོ་སྟོན་རྡོ་རྗེ་དབང་ཕྱུག ཚོང་བཙུན་ཤེས་རབ་སེང་གེ
་མངའ་རིས་པ་འོ་བརྒྱད་སྤུན་གཉིས། བོ་དོང་པ་ཨུ་པ་པ་དེ་དཀར་དང་ལྔ་ཁྱོན་མི་བཅུ་
བརྒྱད་དྲུག་ཟེར་བའང་ཡོད
ཁམས་སུ་སྡོམ་པ་ལེན་དུ་བརྫངས་པ་བླ་ཆེན་མཁན་པོ། གཙང་དང་གཡོ་གཉིས་ཀྱིས་ལས་སློབ་དང་གསང་སྟོན །དམར་དང་ཧཱ་ཤང་གཉིས་ཀྱིས་ལས་ཀྱི་ཁ་སྐོང་བྱས་ཏེ་བསྙེན་པར་རྫོགས་ནས་ཐམས་ཅད་དབུས་སུ་བྱོན་པ་བསམ་ཡས་སུ་ཕྱག་ཕེབས།
ཚ་ན་ཡེ་ཤེས་རྒྱལ་མཚན་པ་མི་བཞུགས་ཀྱང་མངའ་བདག་ཁྲི་པས་སྦྱིན་བདག་མི་འཐིལ་ལེན་མཛད་དེ། སྔོན་ལ་དགེ་ཚུལ་སློང་གི་རབ་བྱུང་སྤེལ།
དེ་རྗེས་གནས་གཞི་རྣམས་བརྩིགས་ནས་བསྟན་པ་དར་བར་མཛད་ཅེས་གྲགས། འདི་ཡང་བཀའ་ཆེམས་ལས། དེ་ནས་ལྔ་བརྒྱའི་ཐ་མ་ལ། །
སངས་རྒྱས་བསྟན་པའི་མེ་རོ་གཅིག །མདོ་ཁམས་སྒང་ནས་ལངས་པར་འགྱུར།[B:42] ཁ་བ་ཅན་པའི་སེམས་ཅན་ལ། །མར་མེ་འཆི་ཁར་གསལ་བ་བ་བཞིན། །བསྟན་པ་དར་ཞིང་རྒྱས་པར་འགྱུར། །ཞེས་ལུང་བསྟན། འོ་ན་མི་བཅུ་དབུས་སུ་བྱོན་པ་འདི་བསྟན་པ་བསྣུབས་ནས་ལོ་ཇི་ཙམ་ཞིག་སོང་བ་ཡིན་ཞེ་ན ། དེ་ཡང་ནེལ་པ་ནི་ས་ལུག་ལ་བསྟན་པ་བསྣུབས་པ་ནས་ལོ་བརྒྱ་དང་བཅུ་གཅིག་དགུ་ཟེར་ཡང་ལོ་གཉིས་ཀྱི་འགྱངས་ལས་མེད་པས་མི་འགལ
པ་ས་བྱ་ལ་བསྟན་པ་བྱུང་ཟེར། བཅོམ་ལྡན་རིག་རལ་ཡང་འདི་དང་མཐུན་ཤས་ཆེ། བུ་སྟོན་རིན་པོ་ཆེ་ལོ་དོན་གསུམ་རྒན་མོ་ཞིག་གི་ངག་ལ་བརྟེན་ཟེར
དོན་གཅིག་ན་བྱུང་ཟེར། དཔལ་ལྡན་བླ་མ་དགུ་བཅུ་རྩ་བརྒྱད་ན་བྱུང་ཟེར་ཀམ་ཀམ་སྤྱན་སྔ་ལོ་བརྒྱ་དང་བཞི་བཅུ་ན་བྱུང་ཟེར། འབྲོམ་སྟོན་པ་ལོ་དོན་བརྒྱད་པ་ས་སྟག་ལ་བྱུང་ཟེར་དེབ་སྔོན་པ་