[A:42]འདིའི་རྗེས་སུ་འབྲངས
ཏེ་ཕྱི་མ་འདི་ལེགས་སོ། །དེའི་ཚེ་[B:42a]ལོ་ཆེན་རིན་བཟང་རབ་བྱུང་མཛད་ནས་ལོ་བརྒྱད་འདའ་འདུག་པས་བསྟན་པ་བྱུང་བ་དབུས་གཙང་ལས་མངའ་རིས་སྔ་བ་ཡིན་འདུག དབུས་གཙང་དུ་བསྟན་པ་བྱུང་ནས་ལོ་རེ་ལྔ་པ་ཆུ་རྟ་ལ་ཇོ་བོ་མངའ་རིས་སུ་བྱོན། དེ་ནས་ལོ་བརྒྱ་དང་གསུམ་པ་ཤིང་བྱི་ལ་ཁ་ཆེ་པཎ་ཆེན་བོད་དུ་བྱོན། དེ་ནས་ལོ་བཞི་བཅུ་རྩ་གཅིག་པ་ཤིང་འབྲུག་ལ་ཆོས་རྗེ་ས་སྐྱ་པ་གོང་དུ་བྱོན། དེ་ནས་ལ་ཉི་ཤུ་རྩ་གཉིས་པ་ཤིང་གླང་ལ་འགྲོ་མགོན་འཕགས་པ་གོང་ནས་སྔ་རེས་དབུས་སུ་བྱོན། ལོ་འདི་རྒྱལ་པོ་ཁྲི་དར་མ་ཤིང་གླང་ལ་བཀྲོངས་པ་ནས་དྲུག་ཅུ་སྐོར་ལྔ་སོང་བ་དེ་ཡིན། དེ་ནས་དེང་སང་གི་ས་ཁྱི་འདི་ཡན་ལ་ལོ་ཉིས་བརྒྱ་བཅུ་བཞི་སོང་། །
རྒྱ་ནག་དང་ཧོར་གྱི་རྒྱལ་རབས་བཤད་པ་ལ་གཉིས།
དང་པོ་ནི་རྒྱ་ནག་གི་རྒྱལ་པོ་ལ་སྔ་བ་ཅིའུ་ཞེས་པ་བྱུང་། འདི་བཅོམ་ལྡན་འདས་[B:43]ཀྱི་མེས་རྒྱལ་པོམེས་པོ་གཞུ་ཏན་དང་དུས་མཉམ། དེ་ནས་རྒྱལ་རབས་བཞི་སོང་བ་ན་ཅིའུ་དབང་རྒྱལ་ཞེས་པ་རྒྱལ་སར་བཏོན་ནས་ལོ་ཉི་ཤུ་རྩ་བཞི་པ་ཤིང་ཕོ་སྟག་གི་ལོ་ལ་སང་ས་རྒྱས་འཇིག་རྟེན་དུ་བྱོན་
དེའི་ཚེ་རྒྱ་ནག་གི་ཡུལ་འོད་ཀྱིས་ཁྱབ
ཕྱིས་ཅིའུ་ཡི་རྒྱལ་རྒྱུད་སུམ་ཅུ་རྩ་དྲུག་བྱུང་བས་ལོ་བརྒྱའི་བར་དུ་རྒྱལ་སྲིད་བཟུང་། དེ་རྗེས་གན་རྒྱལ་པོ་ཕའུ་གཉིས་དང་།
དེ་ནས་ཧན་གྱི་རྒྱལ་རྒྱུད་བཅུ་གཉིས་རིམ་པར་བྱུང་། དེ་ནས་ཨི་མང་ཟེར་བའི་བློན་པོ་ཞིག་གིས་རྒྱལ་ས་ཕྲོགས་ཏེ་ལོ་འགའ་བཟུང་། དེ་ནས་ཧན་གྱི་