[A:46]སྟོབས་མངའ་ཐང་ཆེ་ཞིང་བསྟན་པ་ལ་གུས། ཀརྨ་པཀྴིས་གྲུབ་རྟགས་བསྟན་ནས་དད་པར་བྱས་པའི་རྒྱལ་པོ་གུ་བེ་ལ་ཡང་སེ་ཆེན་འདི་ཡིན་པར་མངོན་
ཨུ་རྒྱ ན་བ་ཧོར་ཡུལ་དུ་བྱོན་ཞེས་པའང་འདིའི་དུས་[B:46a]སུ་ཡིན་པ་འདྲ
བརྒྱད་ཅུ་རྩ་གཉིས་པ་ཤིང་རྟ་ལོར་གཤེགས། དེ་རྗེས་རྒྱལ་པོ་ཨོལ་བྱ་ཐུལ་གྱིས་རྒྱལ་སྲིད་ལོ་བཅུ་གསུམ་བཟུང་། འདིའི་རིང་ལ་སྣར་ཐང་གི་བསྟན་འགྱུར་བྱུང་། དེ་ནས་རིམ་པ་བཞིན་གོ་ཡུག་རྒྱལ་པོས་ལོ་བཞི། ཨ་སུ་ཏ་བུར་ཡན་རྒྱལ་པོས་ལོ་དགུ། ས་ཏིང་ཕ་ལས་ལོ་གསུམ། ཐེ་མུར་ཅི་དབང་གིས་ལོ་ལྔ། ར་ཁྱི་ཕག་གིས་ཞག་བཞི་བཅུ། ཀུ་ཤ་ལ་རྒྱལ་པོས་ཟླ་བ་གཅིག ཐོག་ཐེ་མུར་རྒྱལ་པོས་ལོ་ལྔ་དང་། རིན་ཆེན་དཔལ་རྒྱལ་པོས་ཟླ་བ་གཅིག་སྟེ། ཆོས་རྗེ་རང་བྱུང་རྡོ་རྗེ་མངའ་རིས་ཕོ་བྲང་དུ་བྱོན་པ་རྒྱལ་པོ་འདི་གཉིས་ཀྱི་དུས་ཡིན། དེ་ནས་ཟླ་བ་དྲུག་རྒྱལ་ས་སྟོངས།
དེ་རྗེས་ཐ་མུར་ཐ་ཤྲིས་སྲིད་ལོ་འགའ་བཟུང་། དེའི་རྗེས་སུ་རྒྱལ་པོ་ཐོ་གན་ཐེ་སེ་ཆེན་འདས་ནས་ཧོར་རྒྱལ་པོ་བྱོན་པ་ལ་འདི་བསྟན་པའི་ཞབས་ཏོག་ཆེ
མུར་ཆུ་བྱ་ ལལོར་རྒྱལ་སར་བྱོན།[B:47] ཛིང་གིན་རྒྱལ་པོ་འདས་ནས་ལོ་དགུ་བཅུ་རྩ་གཉིས་དང་། སེ་ཆེན་འདས་ནས་ལོ་བཞི་བཅུ་སོང་བ་དེ་ཡིན།
རྒྱལ་སྲིད་ལོ་སུམ་ཅུ་རྩ་དྲུག་བསྐྱངས། མེ་ལོང་མར་ཞེ་བརྒྱད་ཅེས་ཀྱང་ཟེར། སྔ་སོར་ཆོས་རྗེ་རང་བྱུང་བ་གོང་དུ་བྱོན་པ་ལྔ་བཅུ་རྩ་དྲུག་ལ་ཕོ་བྲང་ཉིད་དུ་གཤེགས་ནས་གདུང་ཙན་དན་མེས་བསྲེགས
ཚུན་གྱི་ཞབས་ཏོག་མཛད། ཕྱིས་ཆོས་རྗེ་རོལ་པའི་རྡོ་རྗེ་སྤྱན་དྲངས་ཤིང་། བུ་སྟོན་རིན་པོ་ཆེ་ཡང་ཨེ་ཕེབས་ཀྱི་གདན་འདྲེན་པར་བཏང་བ་ཡིན་ཟེར། ས་ཕོ་སྤྲེལ་གྱི་ལོ་ལ་རྒྱ་ནག་ལ་རྒྱལ་ས་ཤོར་ལས་དབང་གི་དུས་ལ་བབས་ཟེར
ནས་ཧོར་