R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 47
[A:47]ཡུལ་དུ་བྲོས། དེའི་ཚེ་མདོ་སྨད་དུ་
རྗེ་རིན་པོ་ཆེ
འཁྲུངས་ནས་ལོ་བཅུ་གཉིས་ལོན། དེ་ནས་དེང་སང་གི་ས་ཁྱི་འདི་ཡན་ལ་ལོ་བརྒྱ་དང་བདུན་ཅུ་འདས། །
གཉིས་པ་སླར་ཡང་རྒྱའི་བསྟན་པ་བྱུང་[B:47a]ཚུལ་ནི་རྒྱ་ནག་ཕག་གདོང་རྒྱལ་པོས་ས་སྤྲེལ་
རྒྱ་ནག་གི་ཡིག་ཚང་ལས་བྱུང་ཟེར
ལོར་ཧོར་གྱི་རྒྱལ་ས་བླངས་པ་ནས་རྒྱལ་སྲིད་ལོ་སུམ་ཅུ་རྩ་གསུམ་བཟུང་། མེ་ལོང་མ་སོགས་སུ་ཏའི་མིང་རྒྱལ་པོས་ཟེར་ཏེ་སྤྱི་མིང་ཡིན་པས་མི་འགལ་ལོ། །དེ་རྗེས་ཀྱི་ཧུན་རྒྱལ་པོས་ལོ་གཉིས་དང་། རྒྱལ་པོ་ཡེ་དབང་གིས་ལོ་ཉི་ཤུ་རྩ་གཉིས་བཟུང་། འདིས་སྔ་སོར་རྗེ་རིན་པོ་ཆེ་གདན་འདྲེན་པར་བཏང་ཡང་མ་ཕེབས་པས་ཀརྨ་པ་ཆོས་རྗེ་ཆོས་དཔལ་བཟང་བོ། ས་སྐྱ་པ་ཀུན་དགའ་བཀྲ་ཤིས། སེ་ར་བ་ཤཱཀྱ་ཡེ་ཤེས་གསུམ་གདན་དྲངས་ནས་རིམ་པ་བཞིན། དེ་བཞིན་གཤེགས་པ། ཐེག་ཆེན་ཆོས་རྗེ། བྱམས་ཆེན་ཆོས་རྗེ་ཞེས་མཚན་གསོལ། སྤྱིར་ཡང་ཇོ་བོ་རིན་པོ་ཆེ་ལ་ན་བཟའ་མཆོད་རྫས་ཕུལ་བ་དང་། རྒྱ་བོད་ཀྱི་རབ་བྱུང་[B:48]རྣམས་ལ་གུས་པར་མཛད་ནས་ཡོ་བྱད་བཏང་བ་ནི་བསམ་གྱིས་མི་ཁྱབ་ཅེས་གྲགས། དེ་ནས་གཞན་ཛུང་གིས་ལོ་བཞི་དང་། ཟོན་ལྡེ་རྒྱལ་པོས་ལོ་བརྒྱད་དེ། འདིའི་རིང་ལ་དགེ་ལྡན་གྱི་ཐུབ་པ་གནས་བཅུའི་ཐང་ག་ཡ་མཚན་ཅན་འདི་བྱུང་། ཅིན་ཐུང་གིས་ལོ་བཅུ་གསུམ། གྱིན་ཐས་ལོ་བདུན། ཐིང་ཞུན་གྱིས་ལོ་བརྒྱད་། ཆིང་ཧོ་རྒྱལ་པོས་ལོ་བཅུ་གཅིག དེ་ནས་དེང་སང་གི་བར་ཞིང་ཆེན་བཅུ་གསུམ་གྱི་རྒྱལ་ཁམས་ལ་དབང་བྱེད་པའི་ཆོས་རྒྱལ་རིམ་པར་བྱོན་པ་ཡིན་ནོ། །