R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 45
[A:45]ཀུན་བསད་ནས། རྒྱའི་རྒྱལ་ཁམས་མི་ཉག་གིས་བདག་བྱས། དེའི་མིང་ཡང་ཕའི་མིང་ནས་སྦྱར་ཏེ་སེའུ་རྒྱལ་པོ་ཞེས་གྲགས། དེ་ནས་མི་ཉག་གི་རྒྱལ་པོ་རྒྱ་རྒོད་ཡན་ལ་རྒྱལ་རབས་དྲུག་བྱུང་ཞིང་ལོ་ཉིས་བརྒྱ་དྲུག་ཅུའི་བར་མི་ཉག་གི་བསྟན་པ་བྱུང་བ་ཡིན་ནོ། །[B:45a] གཉིས་པ་ཧོར་གྱི་རྒྱལ་རབས་བཤད་པ་ལ་གཉིས། དངོས་དང་། སླར་ཡང་རྒྱའི་བསྟན་པ་བྱུང་ཚུལ་ལོ། ། དང་པོ་ནི་ཧོར་གྱི་རྒྱལ་པོ་ལ་སྔ་བ་གནམ་གྱི་བུ་སྤོར་ཏ་ཆེ་སྟེ། རྒྱ་ནག་ཙིའུ་རྒྱལ་པོ་ལས་ནམ་དུས་ཕྱི་བར་མངོན། དེ་ནས་བཟུང་སྟེ་ཐའི་ཛུང་ཇིང་གིན་རྒྱལ་པོའི་བར་རྒྱལ་རབས་ཉི་ཤུ་རྩ་གཉིས་ཀྱི་རིང་ནི་མཐའ་ཁོབ་ཀྱི་རྒྱལ་ཁམས་ལ་དབང་བསྒྱུར་བའི་མི་བདག་ཡིན་པ་མ་གཏོགས་ཆོས་སྤྱོད་པའི་རྒྱལ་པོར་མི་སྣང་ལ། འདིའི་རྗེས་སུ་ཧོར་ཇིང་གིན་རྒྱལ་པོ་བྱོན་པ། རྒྱ་དང་བོད་དང་མི་ཉག་གི་རྒྱལ་ཁམས་ཐམས་ཅད་འོག་ཏུ་བཅུག་ཅིང་། ལོ་ཉི་ཤུ་རྩ་གསུམ་གྱི་རིང་རྒྱལ་སྲིད་ཆོས་ཀྱིས་བསྐྱངས་ཏེ། དགུང་ལོ་རེ་གཅིག་པ་ཆུ་སྟག་ལ་འདས། ལོ་འདི་ཆོས་རྗེ་ས་སྐྱ་ཡང་རེ་གཅིག་པ་ཡིན། རྒྱལ་པོ་དེའི་སྲས་གོ་ཏན་གྱིས་རྒྱལ་[B:46]སྲིད་ལོ་དྲུག་བསྐྱངས། དེ་ནས་བཟུང་སྟེ་ས་སྐྱ་པ་དང་ཡོན་མཆོད་དུ་འབྲེལ། དེའི་སྲས་གོ་ཡུག་རྒྱལ་པོས་རྒྱལ་ས་ཟླ་བ་དྲུག དེ་ལ་སྲས་གསུམ་ལས་ཆེ་བ་མོང་གོལ་རྒྱལ་པོས་ལོ་དགུ་
ཐེ་རང་གི་སྤྲུལ་པ
ཆུང་བ་ཧུ་ལར་གྲགས་པས་སྟོད་ཧོར་གྱི་རྒྱལ་པོ་བྱས། མངའ་ཐང་ལོངས་སྤྱོད་རྒྱ་ཆེ། སྲས་འབྲིང་པོ་སེ་ཆེན་གན་གྱི་རྒྱལ་པོ་ཆུ་བྱ་ལ་འཁྲུངས། དགུང་ལོ་ཞེ་བརྒྱད་པ་ལྕགས་སྤྲེལ་ལོར་རྒྱལ་སར་བྱོན། རྒྱ་བོད་ཧོར་གསུམ་མི་ཉག་གི་རྒྱལ་ཁམས་དང་བཅས་པ་ལ་དབང་བསྒྱུར ། ཕྱིས་ཀྱི་རྒྱལ་པོ་གཅིག་ལ་