R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 48
[A:48] བོད་དུ་རྒྱ་ཧོར་གྱི་ལུང་བྱུང་ཚུལ་ནི། ཧོར་ཇིང་གིར་རྒྱལ་པོས་རྒྱལ་སར་བྱོན་ནས་ལོ་ཉི་ཤུ་ལོན་པ་ལྕགས་ཕོ་བྱི་བ་ལོར་དམག་དཔོན་ལ་བྱི་དང་དོར་རྟ་གཉིས་ཀྱིས་ མགོསམགོ་བྱས་[B:48a]ཧོར་དམག་ཁྲག་ཁྲིག་མང་པོ་བོད་དུ་བཏང་སྟེ། གྲོང་ཁྱེར་ཕལ་ཆེར་བཅོམ། འབྲི་གུང་སྒོམ་པ་ཤག་རིན་ཧོར་དམག་གིས་བཟུང་བའང་འདི་རེས་ཡིན། རྭ་སྒྲེང་དང་རྒྱལ་ལྷ་ཁང་དུ་དགེ་འདུན་མང་པོ་བཀྲོངས་པ་ཡིན་ཞེས་དེབ་སྔོན་ལས་འབྱུང་ཡང་རྭ་སྒྲེང་ལ་ཁུངས་གཞན་གསལ་བ་མ་མཐོང་བས་བརྟག་གོ། །ལྕགས་བྱི་འདི་ཆོས་རྗེ་ས་སྐྱ་པའི་ང་དགུ་པ་ཡིན། དེ་དག་ནི་ཡན་ལག་བཞི་པའི་དཔུང་ཆེན་པོས་བསྡིགས་ནས་བོད་ཀྱི་རྒྱལ་ཁམས་ཆམ་ལ་ཕབ་པ་ཙམ་ཡིན་ལ། སླད་ནས་མངའ་འོག་ཏུ་བཅུག་སྟེ་ལུང་བསྒྱུར་བ་ནི་ས་སྐྱ་པ་དང་ཡོན་མཆོད་དུ་འབྲེལ་བ་ནས་བྱུང་། དེ་ལ་སྔོན་དུ་དཔལ་ས་སྐྱའི་བླ་རབས་རགས་རིམ་གཅིག་བརྗོད་ན། འཁོན་དཀོན་མཆོག་རྒྱལ་པོས་ཆུ་མོ་གླང་གི་ལོ་ལ་དཔལ་ས་སྐྱའི་སྡེ་[B:49]ཆེན་པོ་བཏབ། གསང་ནེའུ་ཐོག་དང་བཏབ་ལོ་གཅིག་
རྔོག་ལེགས་པའི་ཤེས་རབ་ཀྱི་སྐུ་ཚེའི་མཇུག་ལ་ཡིན
རྭ་སྒྲེང་བཏབ་ནས་ལོ་བཅུ་བདུན་སོང་བ་དེ་ཡིན། དེའི་སྲས་ས་ཆེན་ཀུན་དགའ་སྙིང་པོ་ཆུ་སྤྲེལ་ལ་འཁྲུངས། བཅུ་གཅིག་པ་ལ་ཡབ་གཤེགས་པས་བ་རི་ལོ་ཙཱ་བས་གདན་ས་ཐོགས་ཤིག་མཛད། དེ་རྗེས་དགུང་ལོ་ཉིི་ཤུ་པ་ལ་གདན་སར་བྱོན། དྲུག་ཅུ་རྩ་བདུན་པ་ས་སྟག་ལོར་གཤེགས། ས་ཆེན་ལ་སྲས་བཞི་འཁྲུངས་པའི་དང་པོ་ཀུན་དགའ་འབར། རྒྱ་གར་དུ་བྱོན་པ་ཉེར་གཉིས་ལོན་དུས་མ་གྷ་ངྷར་གཤེགས།