[A:4]འཇོག དེའི་རྗེས་སུ་རྒྱལ་པོ་ལྔ་ཁྲི་ལྔ་སྟོང་གྲོང་ཁྱེར་སེར་སྐྱར་བྱུང་བའི་ཐ་མ་རྒྱལ་པོ་ཤིང་རྟ་བཅུ་པ་སོགས་མིང་སྨོས་བཅུ་གཉིས་ཀྱི་མཐའ་མ་རྒྱལ་པོ་གཞུ་ཏན། དེ་ལ་བུ་སེང་གེ་འགྲམ་དང་སེང་གེ་སྒྲ་གཉིས། དང་པོ་ལ་ཟས་གཙང་། ཟས་དཀར། བྲེའོ་ཟས། བདུད་རྩི་ཟས་དང་བཞི། ཟས་གཙང་ལ་སྲས་བཅོམ་ལྡན་འདས་དང་ཅུང་དགའ་ཐོ་གཉིས་ཏེ། མི་རྣམས་ཚེ་ལོ་བརྒྱ་པའི་དུས་ཡིན། ཟས་དཀར་ལ་བུ་རྒྱལ་བ་དང་བཟང་ལྡན།
བྲེ་བོབྲེའོ་ཟས་ལ་མིང་ཆེན་དང་མ་འགགས་པ། བདུད་[B:4a]རྩི་ཟས་ལ་ཀུན་དགའ་བོ་དང་ལྷ་བྱིན། བཅོམ་ལྡན་འདས་ལ་སྲས་སྒྲ་གཅན་འཛིན་ཏེ། འདི་ནས་མང་པོས་བཀུར་བའི་རྒྱལ་རྒྱུད་ཆད་པར་བྱེད་དེ། ཤཱཀྱ་ཆེན་པོའི་གདུང་རབས་ལ་དགོང་ས་པའོ། །བསྡོམས་ན་མང་པོས་བཀུར་བ་ནས་ཟས་གཙང་ཡན་ལ་རྒྱལ་པོ་ས་ཡ་གཅིག་དང་ཆིག་འབུམ་ཉིས་ཁྲི་ཆིག་སྟོང་ལྔ་བརྒྱ་བཅུ་བཞི་ཡོད། འཇིག་རྟེན་གདགས་པ་དང་རྒྱུ་གདགས་པར་འདི་དང་མི་འདྲ་ཙམ་བཤད་ཅིང་། དཔལ་ལྡན་བླ་མའི་ཆོས་འབྱུང་མེ་ལོང་མར་ནི་འཁོར་བསྒྱུར་མཐའ་མ་ཉེར་མཛེས་ལྡན་གྱི་བུ་རྒྱལ་པོ་མཆོག་སྦྱིན།
འདིའི་སྐབས་སུ་མི་རྣམས་ཚེ་ལོ་བཞི་ཁྲི་པའི་དུས་དང་། སངས་རྒྱས་འཁོར་བ་འཇིག་འཇིག་རྟེན་དུ་བྱོན། དེ་ནས་རྒྱལ་རབས་སུམ་བརྒྱ་ལྷག་ཙམ་ན་རྒྱལ་པོ་བཙུན་དྷ་བྱ་བ་བྱུང་། འདིའི་སྐབས་སུ་མི་རྣམས་ཚེ་ལོ་སུམ་ཁྲི་པའི་དུས་དང་། སངས་རྒྱས་[B:5]གསེར་ཐུབ་འཇིག་རྟེན་དུ་བྱོན། དེ་ནས་རྒྱལ་རབས་སུམ་བརྒྱའི་མཐར་རྒྱལ་པོ་རཏྣ་ཆེན་པོ། དེའི་བུ་རྒྱལ་པོ་ཀྲི་ཀྲི།
འདིའི་སྐབས་སུ་མི་རྣམས་ཚེ་ལོ་ཉིས་ཁྲི་པའི་དུས་དང་། སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན། དེ་ནས་རྒྱལ་རབས་ཉིས་བརྒྱ་ན་རྒྱལ་པོ་རྣ་བ་