R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 52
[A:52]དཔོན་རྣམས་ཀྱིས་ཀྱང་རང་རང་གི་འོག་ཏུ་སྟོང་དཔོན་བཅུ་བཅུ་བསྐོས་པ་ཡིན་འདུག དེ་ཡང་དཔོན་ཆེན་ཤཱཀ་བཟང་གིས་ལས་ཐབས་སུ་ལྷ་ཁང་ཆེན་མོའི་ལྕགས་རི་ཕྱི་ནང་དང་། ཁང་གསར་ཆེན་མོ་བརྩིགས། ཁོང་འདས་ནས་ནང་ཆེན་ཀུན་དགའ་བཟང་བོ་དཔོན་ཆེན་དུ་བསྐོས། འདིས་རིན་ཆེན་སྒང་བླ ་བྲང་དང་། ལྷ་ཁང་ལྕགས་རི་དང་བཅས་པ་བཏབ། ཁོང་གིས་ལས་ཀ་གཏད་ནས་རིམ་པ་བཞིན་དཔོན་ཆེན་ཞང་བཙུན། ཕྱུག་པོ་སྒང་དཀར་པ། བྱང་རིན་པ་དང་གསུམ་བླ་མའི་ཞལ་ཏར་བསྐོས། འདི་ལྟར་ན་བླ་མ་འཕགས་པ་དབུས་སུ་སྔ་རེས་ཕེབས་པ་ནས་དཔོན་ཆེན་བསྐོས་པར་བྱ་དགོས་པ་འདྲ། བླ་མ་དགུང་ཁོ་ཞེ་གསུམ་པ་མེ་མོ་གླང་གི་ལོ་ལ་འཆིམས་[B:53]ཐམས་ཐད་མཁྱེན་པ་གྲལ་དབུར་སྤྱན་དྲངས་ནས་ཆུ་མིག་ཆོས་འཁོར་ཆེན་མོར་གྲགས་པ་མཛད ། དགུང་ལོ་ཞེ་དྲུག་པ་ལྕགས་འབྲུག་ལ་སྐུ་ཞི་བར་གཤེགས། དེ་ཡང་བླ་མ་རིན་པོ་ཆེ་དང་དཔོན་ཆེན་ཀུན་དགའ་བཟང་གི་བར་དུ་ཉེ་གནས་ཆེན་མོས་ཕྲ་མ་བཅུག་ནས་བླ་མའང་མ་དགྱེས། འདི་ཁོག་ཏུ་བཞག་ནས་ལྐོག་ཏུ་ཉེ་གནས་ཀྱིས་རྒྱལ་པོ་ལ་ཡི་གེ་ཕུལ་བའི་རྐྱེན་བླ་མ་གཤེགས་
ཧོར་དམག་བོད་དུ་བོས་པ་དགོངས་དོགས་ནས་ཉེ་གནས་ཀྱིས་བཀྲོངས་ཞེས་ཀྱང་ཟེར
པའི་ཕྱི་ལོ་ལྕགས་སྦྲུལ་ལ་སེ་ཆེན་གྱི་ལུང་གིས་ཧོར་དམག་བོད་དུ་ཤོར་ཏེ། ཉང་སྨད་བྱ་རོག་རྫོང་ཕབ་ནས་དཔོན་ཆེན་པོ་བསད། དེ་ཡང་ཁོ་འཆི་ཁར་གོས་དཀར་པོ་དང་ཞྭ་ནག་པོ་ཞིག་གོན་འདུག་པའི་གཏམ་ཕྱིས་སུ་རྒྱལ་པོས་གསན་ནས་ཉེས་པ་མེད་པའི་བརྡར་དགོངས་ནས་དམག་དཔོན་རྣམས་ལ་[B:53a]བཀའ་བཀྱོན་ཕེབས་པ་ཡིན་འདུག ལོ་འདི་ལ་དབོན་པོ་ངྷརྨ་པཱ་ལ་གདན་སར་བྱོན། དཔོན་